“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།

ཟླ7པའི་ཚེས10ཉིན། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་འཚོགས། 

ཐེངས་འདིའི་ཚོགས་འདུ་ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣའི་ལས་དོན་མགོ་ཁྲིད་ཚོགས་ཆུང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་སྒྲུབ་འགན་འཁུར། “མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཞིབ་འཇུག་ལ་ཤུགས་སྣོན་དང་། མི་རིགས་བསྐྱར་དར་གྱི་དུས་རབས་གསར་བའི་མི་གསོ་སྐྱོང་བྱེད་པ“ཞེས་པ་བརྗོད་བྱ་གཙོ་བོར་བཟུང་སྟེ། སྤྱོད་བཟང་སྐྱེད་སྲིང་གི་རྩ་བའི་ཁག་འཁུར་ལ་དམིགས་ནས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་བསམ་བློའི་ཆབ་སྲིད་སློབ་གསོའི་ཐབས་ལམ་དང་རིག་གནས་དྲིལ་སྒྲོག་བྱེད་ཐབས་འཚོལ་ཞིབ་བྱས་ནས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སྔར་ལས་དར་སྤེལ་གཏོང་བ་དང་། གསར་བརྗེའི་རིག་གནས་ཀྱི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ།“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་རིགས་གཞུང་ཞིབ་འཇུག་དང་རིག་གཞུང་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་གྱི་རྣམ་པ་གསར་པ་བསྐྲུན་དགོས། 

ད་ལོ་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བཏོན་ནས་ལོ25འཁོར་བ་དང་། “མདེལ་གཉིས་སྐར་གཅིག”ནི་མཚོ་སྔོན་གྱི་དམིགས་བསལ་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས་མཚོན་རྟགས་ཤིག་ཡིན། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འཁྲུངས་ཡུལ་ཡིན་པས་ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་འོག མཚོ་སྔོན་གྱིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། རྒྱལ་ཡོངས་སུ་དྲིལ་སྒྲོག་གི་རྣམ་པ་བཟང་པོ་ཆགས་པར་བྱས་ནས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཕུགས་བསམ། དད་སེམས་ཀྱི་སློབ་གསོ། སྒེར་སེམས་མེད་པར་སྙིང་སྟོབས་སློབ་གསོའི་ལེགས་སྐྱེས་འབུལ་བ་བཅས་ཀྱི་བསམ་བློ་དང་ཆབ་སྲིད་རིག་གནས་ཀྱི་སྤུས་རྟགས་བསྐྲུན།“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱིས་གསར་བརྗེའི་རིག་གནས་མཉམ་ལས་སྤེལ་རེས་དང་། གཞོན་ནུ་ཤེས་ལྡན་མི་སྣར་སྐུལ་སློང་དང་ནང་འདྲེན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གསོ་སྐྱོང་སོགས་ཁྱབ་ཁོངས་སུ་མངོན་གསལ་དོད་པོའི་སྒོ་ནས་སྐུལ་ཁྲིད་ཀྱི་ནུས་པ་ཐོན་ཡོད། 

བགྲོ་གླེང་ཚོགས་འདུའི་སྟེང་། རྒྱལ་ནང་གི་ཚོགས་ཞུགས་པས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཆེད་མཁས་པའི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རིག་གཞུང་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་བ་དང“མདེལ་གཉིས་སྐར་གཅིག”གི་བསམ་བློ་ཆབ་སྲིད་སློབ་གསོར་སྐུལ་འདེད་གཏོང་བའི་གྲོས་གཞི་གཉིས་ལ་དམིགས་ནས་གཙོ་གནད་གཏམ་བཤད་དང་སྤེལ་རེས་བགྲོ་གླེང་བྱས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号