ངོ་འབག་གྱོན་མི་འདིའི་རིགས་ལ་དོགས་ཟོན་བྱེད་དགོས། 

ཉེ་ཆར། ཁྲིམས་འགལ་པ་ཁག་ཅིག་གིས་ངོ་འབག་གྱོན་ནས་མི་གཞན་ཡིན་ཁུལ་བྱས་ནས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་གྱིན་ཡོད་པ་རེད།

ཉིན་ཤས་གོང་། ཅང་སུའུ་ཞུས་ཀྲོའུ་ཉེན་རྟོག་ཕྱོགས་ཀྱིས་རྩད་ཆོད་མ་ཐག་པའི་རྐུ་འཕྲོག་གྱོད་གཞི་རབ་དང་རིམ་པ་ཞིག་ཁྱབ་བསྒྲགས་བྱས་པ་སྟེ། སྐྱེས་པ་ཞིག་གིས་ལུས་ལ་གློག་ཤུགས་སྡེ་ཁག་གི་བཟོ་ལྭ་གྱོན་ནས་མི་གཞན་གྱི་ཁྱིམ་དུ་འཛུལ་ནས་རྐུ་འཕྲོག་བྱས་པ་དང་། དྲ་ཐོག་ནས་ཉོས་པའི་ངོ་འབག་ལག་ཏུ་འཁྱེར་ཏེ་ངོ་གདོང་བརྗེས་ནས་ཉེན་རྟོག་ཕྱོགས་ཀྱི་འཛིན་བཟུང་ལས་གཡོལ་རྩིས་ཡོད་པ་རེད། ཞིབ་བཤེར་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་དེ་གྱོད་གཞི་20ཙམ་དང་འབྲེལ་བ་ཡོད་པ་དང་། མིག་སྔར་ཉེས་དོན་བཀག་ཉར་བྱས་ཡོད།

ཆེད་མཁས་པས། ངོ་འབག་དེ་རིགས་བཅའ་ཁྲིམས་ཀྱི་ཉེན་ཁ་མང་པོ་དང་འབྲེལ་བ་ཡོད་པས་འབྲེལ་ཡོད་སྡེ་ཁག་གིས་ལྟ་སྐུལ་དོ་དམ་ལམ་སྲོལ་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号