རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་མཚོ་སྔོན་དུ་བསྐྱོད་པ་དང་ལག་ཤེས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་སྤེལ་རེས་བྱེད་སྒོ་སྤེལ་བ།
ཟླ7པའི་ཚེས10ཉིན་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ངལ་རྩོལ་དང་དཔལ་འབྱོར་ལས་དོན་པུའུ། ཞིང་ཆེན་ཏང་ཨུ་ཤེས་ལྡན་མི་སྣའི་ལས་དོན་མགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་། དེ་མིན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་མཚོ་སྔོན་དུ་བསྐྱོད་པ-ལག་ཤེས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་སྤེལ་རེས་བྱེད་སྒོ”ཟི་ལིང་དུ་འཚོགས་པ་རེད། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་མ་ལུའུ་ཚོགས་འདུར་ཞུགས་པ་རེད།
བྱེད་སྒོའི་ཡུལ་དངོས་སུ་ཀྲུང་གོ་རླངས་འཁོར་ཆི་ཧྲུའུ་ཡན་ཞིབ་འཇུག་ཁང་གི་དབུ་བཞུགས་རྩལ་ནུས་ཆེད་མཁས་པ་ལིའུ་ཡུན་ཆིང་། ཧན་ཝང་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ཞིབ་འཇུག་གསར་གཏོད་ལྟེ་གནས་ཀྱི་ཞིབ་འཇུག་གསར་སྤེལ་ཅིང་ལི་ཕེང་ཧྥེ། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་སློབ་གླིང་དྲུག་པའི་ཞི་ཨན་འཇིག་རྟེན་འཕུར་སྐྱོད་སྒུལ་བྱེད་འཕྲུལ་འཁོར་ཚད་ཡོད་ཀུང་སིའི་དམིགས་བསལ་ལག་རྩལ་མཁས་ཅན་དང་མཐོ་རིམ་བཟོ་སྐྲུན་དགེ་རྒན་ཧོ་ཞའོ་ཧུའུ། ཀྲུང་གོ་རླངས་འཁོར་ཨང་དང་པོའི་མ་རྐང་ཚད་ཡོད་ཀུང་སིའི་དར་དམར་བཟོ་སྐྲུན་ལྟེ་གནས་ཀྱི་མཉམ་འབྲེལ་འཁོར་ཁང་ཉམས་གསོའི་བཟོ་པ་ཆི་སུང་ཡུས། ཧྲན་ཞི་འཇིག་རྟེན་འཕུར་སྐྱོད་ཆིང་ཧྭ་སྒྲིག་ཆས་ཚད་ཡོད་འགན་འཁྲི་ཀུང་སིའི་གྲངས་གཞིའི་ཚོད་འཛིན་བཟོ་པ་ཧན་ལི་ཕིང་། རྒྱལ་ཁབ་དྲ་བ་ཧང་ཀྲོའུ་གློག་འདོན་ཀུང་སིའི་མཉམ་འདྲེས་གསར་གཏོད་ལྟེ་གནས་ཀྱི་ཀྲུའུ་རེན་ཞུས་ཁྲོན་ཙེ་སོགས་རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་དྲུག་གིས་ལས་རིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ཁོང་ཚོའི་སློབ་སྦྱོང་དཀའ་སྤྱད་འབད་བརྩོན་དང་། བརྩོན་ཞིབ་གཏིང་ཟབ་བྱེད་པ། གསར་གཏོད་བྱེད་ཕོད་པ། གཞན་གྱི་སྔོན་ཐོན་བྱེད་ཕོད་པ་བཅས་ཀྱི་མདུན་སྐྱོད་གཏམ་རྒྱུད་མཉམ་སྤྱོད་བྱས་པ་མ་ཟད། ཡག་ཐོག་ཡག་བརྩེགས་དང་བློ་རྩེ་གཅིག་ཏུ་གཞོལ་བ། སླ་བཅོས་སྤུ་ཙམ་ཡང་མི་བྱེད་པ། ཕུལ་བྱུང་དོན་གཉེར་བཅས་ཀྱི་ལག་ཤེས་པའི་སྙིང་སྟོབས་གསོན་ཉམས་དོད་པོས་འགྲེལ་བཤད་བྱས།
ཕན་ཚུན་བརྗེ་རེས་ཀྱི་གོ་རིམ་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བ་དང་། མཚོ་སྔོན་ས་མཐོའི་ལག་ཤེས་པའི་འཐུས་མི། གཞི་རིམ་བཟོ་ཚོགས་ཀྱི་ཀྲུའུ་ཞི། ཁེ་ལས་ཀྱི་འཐབ་ཕྱོགས་དང་པོའི་ལས་བཟོའི་འཐུས་མི། རྒྱལ་ཁབ་ཆེན་པོའི་ལག་ཤེས་པ6དང་ངལ་རྩོལ་དཔེ་ལེགས་ཅན་གྱི་འཚར་ལོངས་དང་། རྩལ་ནུས་མཐོར་འགྱུར། གསར་གཏོད་འགག་སྒྲོལ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་བརྗེ་རེས་དང་གྲོས་བསྡུར་བྱས་པ་རེད།
མཚོ་སྔོན་སློབ་ཆེན་དང་། མཚོ་སྔོན་མི་རིགས་སློབ་ཆེན། ཀྲུང་གོ་ཆུ་བེད་ཆུ་གློག་ལས་གྲྭ་ཅུའུ་བཞི་པ་ཚད་ཡོད་ཀུང་སི། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན། རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི། ཀྲུང་གོ་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཡན་ལག་ཀུང་སི་བཅས་ཀྱིས་རྒྱལ་ཁབ་ཆེན་པོའི་ལག་ཤེས་པ6དེ་མཚོ་སྔོན་མཐོ་སློབ་དང་ལག་ཤེས་སློབ་གླིང་གི་དམིགས་བསལ་གདན་ཞུ་འཆད་ཁྲིད་དགེ་རྒན་དུ་གདན་ཞུ་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注