ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་ཏང་གི་སློབ་གྲྭ། ཞིང་ལས་ཞིང་སྡེ་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་རྒྱལ་ཡོངས་ཤང་གྲོང་ཏང་ཨུའི་ཧྲུའུ་ཅིས་ཤང་སྡེའི་ཕྱོགས་ཡོངས་ཀྱི་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བརྙན་རིས་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ།
ཟླ7པའི་ཚེས7ཉིན་ནས་ཚེས9ཉིན་བར། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)། ཞིང་ལས་ཞིང་སྡེ་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་རྒྱལ་ཡོངས་ཤང་གྲོང་ཏང་ཨུའི་ཧྲུའུ་ཅིས་ཤང་སྡེའི་ཕྱོགས་ཡོངས་ཀྱི་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བརྙན་རིས་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་། རྒྱལ་ཡོངས་ཀྱི་ཤང་གྲོང་ཏང་ཨུའི་ཧྲུའུ་ཅི་མི་ཁྲི2.96ལ་གསོ་སྦྱོང་བྱས་པ་རེད།
གསོ་སྦྱོང་འཛིན་གྲྭས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ལག་བསྟར་བྱེད་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དེ་བརྗོད་དོན་དུ་བཟུང་སྟེ། ཤང་གྲོང་ཏང་ཨུའི་ཧྲུའུ་ཅིའི་ལས་རྐང་གི་ཁྱད་ཆོས་ལ་འབྲེལ་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་ཆེད་མཁས་པ་གདན་ཞུ་བྱས་ཏེ་ཏང་གི་རིགས་པའི་གཞུང་ལུགས་གསར་སྐྲུན་གྱིས་དྲག་ཆས་སྤྲས་པ་དང་། ཤང་སྡེའི་ཕྱོགས་ཡོངས་ཀྱི་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་འགྲེལ་ཀློག ཏང་འཛུགས་ཀྱིས་ཤང་སྡེའི་དར་སྤེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། འཕྲལ་བསྟུན་དོ་དམ་ནུས་པ་མཐོར་འདེགས་སུ་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་བཅས་ཀྱི་ཆེད་དོན་ཟུར་ཁྲིད་གནང་བ་དང་། ཤང་གྲོང་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་མྱོང་བའི་གྲོང་ཁྱེར་དང་རྫོང་གི་ཏང་ཨུའི་ཧྲུའུ་ཅི་དང་ད་ལྟའི་ཤང་གྲོང་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འཐུས་མིས་ཤང་གྲོང་ཏང་ཨུའི་ཧྲུའུ་ལེགས་པོ་ཞིག་ཅི་ལྟར་བྱེད་དགོས་པའི་སྐོར་ནས་སེམས་ཚོར་བརྗེ་རེས་བྱས་ཤིང་། ཕུལ་བྱུང་ཤང་གྲོང་ཏང་ཨུའི་ཧྲུའུ་ཅིའི་འཐུས་མི་བཀོད་སྒྲིག་བྱས་ཏེ་ཤང་སྡེའི་ཐོན་ལས་དར་སྤེལ་ལ་སྐུལ་འདེད་དང་འཇོན་མི་དར་སྤེལ། རིག་གནས་དར་སྤེལ། སྐྱེ་ཁམས་དར་སྤེལ། རྩ་འཛུགས་དར་སྤེལ་བཅས་ཀྱི་སྐོར་ནས་ཉམས་མྱོང་བརྗེ་རེས་བྱས་ཏེ། རྒྱ་ཆེའི་ཤང་གྲོང་ཏང་ཨུའི་ཧྲུའུ་ཅིས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྲ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱེད་པ་བཅས་ཀྱི་སྒོ་ནས་སྔར་ལས་ལྷག་པར་ཆབ་སྲིད་བྱང་ཚད་དང་ཤང་སྡེའི་ཕྱོགས་ཡོངས་ཀྱི་དར་སྤེལ་ལ་མགོ་ཁྲིད་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་བར་སློབ་གསོ་དང་སྣེ་ཁྲིད་བྱེད་པ་དང་། དཔེ་སྟོན་རང་བཞིན་གྱིས་ས་ཁུལ་སོ་སོས་ཏན་ཏིག་ངང་ཕན་ནུས་ལྡན་པའི་སྒོ་ནས་ཤང་གྲོང་ལས་བྱེད་སློབ་གསོ་གསོ་སྦྱོང་བྱ་བར་སྐུལ་འདེད་བཏང་།
ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)། ཞིང་ལས་ཞིང་སྡེ་པུའུ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་རྣམས་མགོ་རྩོམ་མཛད་སྒོ་དང་མཇུག་སྒྲིལ་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད། གསོ་སྦྱོང་འཛིན་གྲྭ་དེ་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ནས་སློབ་ཁང་གཙོ་བོ་བཙུགས་ཤིང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)དང་གྲོང་ཁྱེར་སྐོར་ཞིག་གི་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)བཅས་སུ་སློབ་ཁང261བཙུགས་ཤིང་། བརྙན་ལམ་ནས་སློབ་ཁྲིད་དང་བགྲོ་གླེང་ཞིབ་འཇུག་བརྗེ་རེས་བཅས་ཟུང་སྦྲེལ་གྱི་ཐབས་ལ་བརྟེན་ནས་རྒྱལ་ཡོངས་སུ་སྤེལ་བ་རེད། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་སོའི་ཏང་ཨུ་རྩ་འཛུགས་པུའུ་དང་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)། ཞིང་ལས་ཞིང་སྡེ་པུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཞིང་ཆེན་རིམ་པའི་སློབ་ཁང་དུ་མགོ་རྩོམ་མཛད་སྒོ་དང་མཇུག་སྒྲིལ་མཛད་སྒོར་ཞུགས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注