“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་གཞོན་ནུའི་ཤེས་ལྡན་མི་སྣའི་གླེང་སྟེགས་དང“བློ་རིག་གཙང་གསུམ་འབྱུང་ཡུལ་དུ་སྡུད།མཚོ་སྔོན་གསར་པར་རོགས་འདེགས་བྱེད”ཞེས་པའི་ཤེས་ལྡན་མི་སྣའི་རྣམ་གྲངས་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ལྔ་པ་ཟི་ལིང་དུ་འཚོགས།

ཟླ7པའི་ཚེས10ཉིན་གྱི་སྔ་དྲོར།“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་གཞོན་ནུའི་ཤེས་ལྡན་མི་སྣའི་གླེང་སྟེགས་དང“བློ་རིག་གཙང་གསུམ་འབྱུང་ཡུལ་དུ་སྡུད། མཚོ་སྔོན་གསར་པར་རོགས་འདེགས་བྱེད”ཞེེས་པའི་ཤེས་ལྡན་མི་སྣའི་རྣམ་གྲངས་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ལྔ་པའི་ཟི་ལིང་དུ་འཚོགས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་མཱ་ལུའུ་ཡིས་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པ་དང་། ཞིང་ཆེནཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡའེ་ཞ་ཡིས་ཚོགས་འདུར་མགོ་འཛིན་བྱས། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ཆེད་འགན་ཁུར་བའི་ཀྲུའུ་ཞི་གཞོན་པ་ཧྲུའུ་ཝུའེ་དང་། གུང་གཞོན་ཚོགས་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའམ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་པའེ་ཅིན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཏཱ་ནན། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་དང་ལིགའུ་ཁྲའོ་བཅས་ཚོགས་འདུར་ཞུགས།

ཁྲེན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས་ཡོན་ཧྲི་ཆེད་མཁས་པ་དང་གཞོན་ནུ་ཤེས་ལྡན་མི་སྣ་སོགས་སྐུ་མགྲོན་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཁོང་གིས་མཚོ་སྔོན་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འབྱུང་ཡུལ་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཆེན་པོ་བྱེད་པའི་ས་ཆ་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་བབ་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ཁ་གསལ་བཏོན་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ་དང་ཐོན་ལས་འཛུགས་སྐྲུན་གྱི“གནས་བཞི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐབས་ལམ་གསལ་སྟོན་བྱས་ཡོད། ད་ལོའི་ཟླ6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་མཚོ་སྔོན་དུ་རྟོག་ཞིབ་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློའི་མཛུབ་ཁྲིད་དང་བསམ་པའི་སྐུལ་འདེད།  འབད་འཐབ་ཀྱི་སྐུལ་མ་བཏང་བ་བཅས་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྲོག་ཤིང་གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དོན་འཁྱོལ་ལེགས་པོ་བྱ་རྒྱུ་དེ་ཡིན་པ་དང་། གནད་འགག་ནི་སྙིང་སྟོབས་དར་སྤེལ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱ་རྒྱུ་དེ་རེད། མཚོ་སྔོན་ནི་ས་བབ་མཐོ་བའི་མཐོ་སྒང་དུ་ཆགས་ཡོད་ལ། བསམ་བློའི་མཐོ་ས་ཞིག་ཀྱང་ཡིན། མཚོ་སྔོན་ལ་ཆེས་དཀོན་པ་ནི་དབྱང་རླུང་མ་ཡིན་པར་ཤེས་ལྡན་མི་སྣ་ཡིན། རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་ཐོག་མ་འབར་གས་ལེགས་འགྲུབ་བྱུང་བ་དེ་རྒྱལ་ཡོངས་ས་གནས་སོ་སོའི་ཤེས་ལྡན་མི་སྣའི་རོགས་འདེགས་ཆེན་པོ་དང་ཁ་འབྲལ་ཐབས་མེད།“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་མིའི་སྙིང་སྟོབས་རིམ་པའི“མཚོ་སྔོན་གྱི་ལེའུ”ནང་གི་ཆེས་ཕུལ་དུ་བྱུང་བའི་ལེའུ་ཞིག་ཡིན། དེར་བརྟེན་ཤེས་ལྡན་མི་སྣ་དང་སྙིང་སྟོབས་ནི་དུས་དང་རྣམ་པ་ཀུན་ཏུ་མཚོ་སྔོན་གྱི་ཆེས་རྩ་ཆེ་བའི་རྒྱུ་ནོར་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས་མཚོ་སྔོན་དུ་ཕན་འབྲས་ཐོན་པའི་རོགས་འདེགས་གལ་ཆེན་ཞིག་ཀྱང་ཡིན། ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་ལངས་ནས་མཚོ་སྔོན་གྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གོང་བཀུར་བྱེད་པའི་བརྩེ་སེམས་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་སུ་བསྒྱུར་ནས། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་བསྐྱོད་དེ། གོམས་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། ཡོན་ཧྲི་དང་ཆེད་མཁས་པ། རྒྱ་ཆེའི་གཞོན་ནུ་ཤེས་ལྡན་མི་སྣ་རྣམས་མཚོ་སྔོན་དུ་བསྐྱོད་པ་དང་། མཚོ་སྔོན་དུ་འདྲེས་པ། མཚོ་སྔོན་འཛུགས་སྐྲུན་བཅས་བྱས་ཏེ་མཚོ་སྔོན་གྱི་མཐོ་སྒང་འདིར་འཇོན་ཐང་མངོན་པ་དང་ཕུགས་འདུན་མངོན་འགྱུར་བྱེད་དགོས།

མཱ་ལུའུ་ཡིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཚབ་བྱས་ནས་བྱ་འགུལ་སྤེལ་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཁོ་མོས་ཐེངས་འདིའི་གླེང་སྟེགས་བྱེད་སྒོ་དེ་རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་ཆེན་པོའི་བཟོ་རྩལ་མཁས་ཅན་དང་ཡོན་ཧྲི། གཞོན་ནུའི་ཚན་རྩལ་ཤེས་ལྡན་མི་སྣ་བཅས་ཀྱི་བར་འབྲེལ་འདྲིས་སྤེལ་རེས་བྱེད་པར་སྟེགས་བུ་ལེགས་པོ་ཞིག་ཀྱང་བསྐྲུན་ཡོད། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་ཚན་རིག་མཁས་ཅན་གྱི་སྙིང་སྟོབས། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་གནས་འདི་ནས་མཉམ་འདྲེས་བྱས་ནས་ངལ་རྩོལ་ལ་བརྩི་འཇོག་དང་ཤེས་བྱ་ལ་བརྩི་འཇོག ཤེས་ལྡན་མི་སྣར་བརྩི་འཇོག གསར་གཏོད་ལ་བརྩི་འཇོག་བཅས་བྱེད་པའི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ཡོད། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྒྱལ་ཁབ་ཆེན་པོའི་བཟོ་བོ་དག་མཚོ་སྔོན་དུ་སྐྱོད་པའི་བྱ་འགུལ་མུ་མཐུད་བུ་སྤེལ་ནས། མཚོ་སྔོན་གྱིས་ཁྱད་ལྡན་ཐོན་ལས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་སྤེལ་བར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ་དང་། བཟོ་བོའི་སློབ་གླིང་འཛུགས་སྐྲུན་བྱེད་པ། ལས་བཟོའི་རྩལ་ནུས་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ། ལས་བཟོའི་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཚོ་སྔོན་གྱི་ཐོན་ལས“གནས་བཞི”འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར8དང་ལས་ཁུངས26གིས་ཤེས་ལྡན་མི་སྣའི་རྣམ་གྲངས600དང་བདེ་བླག་ངང་སྦྲེལ་མཐུད་བྱས་ཤིང་། དེ་དག་ལྗང་མདོག་རྩིས་ཤུགས་དང་ནུས་རྒྱུའི་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག་སོགས་ཁྱབ་ཁོངས9དང་འབྲེལ་བ་ཡོད་ལ། དེའི་ནང་ཤེས་ལྡན་མི་སྣའི་རྣམ་གྲངས14ལ་ཡུལ་དངོས་སུ་གན་རྒྱ་བཞག 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号