རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གིས2024ལོའི་སྐབས་གསུམ་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་སློབ་སྦྱོང་འཛིན་གྲྭ་བསྒྲུབས་པ།
ཟླ7པའི་ཚེས8ཉིན་ནས་ཚེས10ཉིན་པར། 2024ལོའི་སྐབས་གསུམ་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་སློབ་སྦྱོང་འཛིན་གྲྭ་དེ་པའེ་ཏའེ་ཧི་གསོ་སྦྱོང་རྟེན་གཞི་རུ་སྤེལ། ཐེངས་འདིའི་སློབ་སྦྱོང་འཛིན་གྲྭ་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་འཐུས་མིའི་ལས་དོན་ཨུ་ལྷན་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་སྔོན་རྩིས་ལས་དོན་ཨུ་ལྷན་གྱིས་གཙོ་སྒྲུབ་བྱས་ཤིང་། ལས་ཁུངས35ནས་བདམས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི146གིས་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་དང་རྒྱལ་དབང་རྒྱུ་ནོར་དོ་དམ་ལྟ་སྐུལ་ཞིབ་བཤེར་གྱི་བརྗོད་དོན་ལ་གཞིགས་ནས་འགན་སྒྲུབ་སློབ་སྦྱོང་བྱས།
རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་སྔོན་རྩིས་ལས་དོན་ཨུ་ལྷན་གྱི་འགན་ཁུར་བློ་མཐུན་གཙོ་བོས་མགོ་རྩོམ་སྐབས་བསྟན་དོན། ཉེ་བའི་ལོ་འགའི་རིང་ཏང་ཀྲུང་དབྱང་གིས་དམངས་ཆེན་སྔོན་རྩིས་ལྟ་སྐུལ་ཞིབ་བཤེར་དང་རྒྱལ་དབང་རྒྱུ་ནོར་དོ་དམ་ལྟ་སྐུལ་ཞིབ་བཤེར། སྲིད་གཞུང་གི་བུན་འཛིན་དོ་དམ་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པའི་བཅོས་སྒྱུར་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། སྔར་ལས་ལྷག་པར་དམངས་ཆེན་འཐུས་མིས་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་ཁྲོད་བྱེད་ནུས་འདོན་པར་བླང་བྱ་གསལ་བོ་བཏོན་ཡོད། སྔོན་རྩིས་དང་རྒྱལ་དབང་རྒྱུ་ནོར། བུན་འཛིན་ལྟ་སྐུལ་ཞིབ་བཤེར་གྱི་ཆབ་སྲིད་རང་བཞིན་དང་ཆེད་ལས་རང་བཞིན་ཤིན་ཏུ་ཆེ་བས། ཐེངས་འདིའི་སློབ་སྦྱོང་འཛིན་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནོར་ཁྲལ་ལས་དོན་དང་དམངས་ཆེན་ལྟ་སྐུལ་ཞིབ་བཤེར་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་དགོངས་དོན་ལ་གཞིགས་ཏེ། ཡང་དག་པའི་ལྟ་སྐུལ་ཞིབ་བཤེར་དང་ནུས་ལྡན་གྱི་ལྟ་སྐུལ་ཞིབ་བཤེར། ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་རྒྱུན་འཁྱོངས་བྱེད་པར། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་སྔོན་རྩིས་ལས་དོན་ཨུ་ལྷན་དང་ནོར་སྲིད་པུའུ་ཡི་སྔོན་རྩིས་སིའི་འབྲེལ་ཡོད་འགན་ཁུར་བློ་མཐུན་གདན་ཞུ་བྱས་ཏེ། དུས་རབས་གསར་པའི་དམངས་ཆེན་སྔོན་རྩིས་དང་རྒྱལ་དབང་རྒྱུ་ནོར། བུན་འཛིན་ལྟ་སྐུལ་ཞིབ་བཤེར་དང་ནོར་ཁྲལ་ཁྲིམས་འཛུགས་ལས་དོན། གཞན་ཡང་རང་རྒྱལ་གྱི་ནོར་སྲིད་འཁོར་སྐྱོད་དང་ནོར་ཁྲལ་བཅོས་སྒྱུར་སོགས་ཀྱི་ཆེད་དོན་སྙན་ཞུ་ཕུལ་བ་མ་ཟད། འཐུས་མི་སྐོར་ཞིག་རྩ་འཛུགས་བྱས་ཏེ་འབྲེལ་ཡོད་སྡེ་ཁག་ཏུ་བརྗེ་རེས་བྱས་ཏེ། འཐུས་མིའི་འགན་སྒྲུབ་ནུས་པ་དང་བྱ་བའི་སྤུས་ཀ་མཐོར་འདེགས་སུ་གཏོང་བར་རམ་འདེགས་བྱས།
རྒྱུས་ལོན་པ་ལྟར་ན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་འགན་སྒྲུབ་བྱས་པའི་ཚུན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་སྔོན་རྩིས་ཞིབ་བཤེར་འབྲེལ་གཏུག་འཐུས་མི150གཏན་ཁེལ་བྱས་ཡོད། འཐུས་མི་འདི་དག་འབྲེལ་ཡོད་ལས་རིགས་ཁྱབ་ཁོངས་ཀྱི་དོན་དངོས་གནས་ཚུལ་ལ་རྒྱུས་མངའ་ཆེ་བ་དང་། འཐུས་མི་མི་ཉུང་བ་ཞིག་ལ་ནོར་སྲིད་སྔོན་རྩིས་སོགས་ཐད་ཀྱི་ཆེད་ལས་ཡོན་ཏན་དང་བྱ་བའི་རྒྱབ་ལྗོངས་ཡོད་ལ། ནོར་སྲིད་སྲིད་ཇུས་འཐུས་ཚང་དང་སྔོན་རྩིས་དོ་དམ་ལ་ཤུགས་སྣོན། ནོར་ཁྲལ་བཅོས་སྒྱུར་གཏིང་ཟབ། དམངས་ཆེན་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་དང་ནོར་ཁྲལ་ཁྲིམས་འཛུགས་ལ་ཤུགས་སྣོན་སོགས་ཀྱི་ཐད་ནས་བསམ་འཆར་དང་བསམ་ཚུལ་མང་པོ་བཏོན་ནས་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注