ལི་ཆང་གིས་ནེའུ་ཙི་ལན་གྱི་ཙུང་ལི་ལ་ཁི་སིན་དང་གྲོས་མོལ་གནང་བ།

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས13ཉིན་གྱིི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧུའེ་ལིན་ཏུན་གྱི་ཙུང་ཏུའུ་བཞུགས་ཤག་ནས་ནེའུ་ཙི་ལན་གྱི་ཙུང་ལི་ལ་ཁི་སིན་དང་གྲོས་མོལ་གནང་།

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧུའེ་ལིན་ཏུན་གྱི་ཙུང་ཏུའུ་བཞུགས་ཤག་ནས་ནེའུ་ཙི་ལན་གྱི་ཙུང་ལི་ལ་ཁི་སིན་དང་གྲོས་མོལ་གནང་།

ལི་ཆང་གིས་བསྟན་དོན། ངས་ད་ཐེངས་ནེའུ་ཙི་ལན་ལ་འཚམས་འདྲི་བྱས་པ་ནི། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེའུ་ཙི་ལན་དུ་རྒྱལ་དོན་འཚམས་འདྲི་བྱས་པ་དང་ཀྲུང་གོ་དང་ནེའུ་ཙི་ལན་བར་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་འཁོར10ལོན་པའི་དུས་དང་འཁེལ་ཡོད། ལོ་བཅུའི་རིང་དུ། རྒྱལ་སྤྱིའི་སྟེང་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོ་དང་ནེའུ་ཙི་ལན་གྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བཟོད་སྒོམ། མཉམ་ལས་གཅིག་སྡུད། ཐུན་མོང་འཕེལ་རྒྱས་བཅས་རྒྱུན་འཁྱོངས་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་ཡུན་རིང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ཨང་དང་པོ་མང་པོ་ཞིག་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་དང་མཉམ་དུ། སྲོལ་རྒྱུན་མཛའ་བརྩེ་རྒྱུན་སྲིང་དང་། ཡར་བརྩོན་སྙིང་སྟོབས་དར་སྤེལ་གཏོང་བ། ལག་གདང་མཉམ་སྦྲེལ་དང་འཕེལ་རྒྱས་མཉམ་སྐུལ་བྱས་ཏེ། ཀྲུང་གོ་དང་ནེའུ་ཙི་ལན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རིམ་སྤོར་བྱེད་པར་འབད་འབུངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་བདེ་སྐྱིད་བསྐྲུན་འདོད་ཡོད།

ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ནེའུ་ཙི་ལན་གྱི་འཕེལ་རྒྱས་དེ་རྒྱལ་ཁབ་ཕན་ཚུན་ལ་མཚོན་ན་གོ་སྐབས་ཤིག་ཡིན་པ་ལས་འགྲན་རྩོད་མིན། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་ཕན་ཚུན་ཡིད་རྟོན་དང་། གཉིས་རྒྱལ་མཉམ་ཕན། མཉམ་སློབ་དཔེ་ལྟ། མཐུན་སྒྲིལ་མཐུན་སྦྱོར་བཅས་ཀྱི་ཟླ་གྲོགས་བཟང་པོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་དང་མཉམ་དུ་ཉོ་ཚོང་གཞི་རྒྱ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར། ནུས་ཁུངས་གསར་པའི་རླངས་འཁོར། གསར་གཏོད་ཐོན་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས། ས་ཁོངས་དཔལ་འབྱོར་གྱི་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུར་འཐད་པ་ཡིན། ཉོ་ཚོང་འབྲེལ་བའི་ཁྲོད་ཀྱི་དཔལ་འབྱོར་རྒྱུ་རྐྱེན་མ་ཡིན་པའི་བཀག་རྒྱ་མཐའ་དག་འབད་པས་སེལ་ཏེ། ཁེ་ལས་བདག་གཉེར་འཕེལ་རྒྱས་འགྲོ་ཆེད་བརྟན་འཇགས་ཀྱི་གོ་སྐབས་དང་ཚོང་གཉེར་ཁོར་ཡུག་ལེགས་པོ་འདོན་སྤྲོད་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སྔར་ལས་མང་བའི་ནེའུ་ཙི་ལན་གྱི་ཁེ་ལས་ཀྱིས་ཀྲུང་གོ་རུ་དངུལ་གཏོང་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་དང་མཉམ་དུ་མི་ཆོས་བརྗེ་རེས་རྒྱུན་མཐུད་ངང་ཇེ་ཟབ་ཏུ་གཏོང་བ་དང་། ནེའུ་ཙི་ལན་དེ་ཕྱོགས་རྐྱང་པའི་ཐོངས་མཆན་འགོད་མི་དགོས་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་ནང་བཞག་སྟེ། ནེའུ་ཙི་ལན་གྱིས་ཀྲུང་གོའི་སྤྱི་དམངས་ནེའུ་ཙི་ལན་དུ་འགྲོ་བར་སྔར་ལས་ལྷག་པའི་སྟབས་བདེ་བསྐྲུན་རྒྱུའི་རེ་བ་ཡོད། ཀྲུང་གོ་དང་ནེའུ་ཙི་ལན་ནི་ཕྱོགས་མང་རིང་ལུགས་ཀྱི་འགྱུར་བ་མེད་པའི་རྒྱབ་སྐྱོར་མཁན་ཡིན་ལ། རང་མོས་ཉོ་ཚོང་དང་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་པར་རྒྱབ་སྐྱོར་བྱེད་མཁན་ཡིན་པས། ཕྱོགས་གཉིས་ཀྱིས་ཕྱོགས་མང་ཁྱབ་ཁོངས་ཀྱི་མཐུན་སྦྱོར་འབྲེལ་འདྲིས་ལ་ཤུགས་བསྣན་ནས། ཕྱོགས་སོ་སོས་སྐྱིད་སྡུག་མཉམ་མྱོང་དང་། མཉམ་ལས་མཉམ་རྒྱལ་བྱེད་པར་སྐུལ་འདེད་གཏོང་དགོས།

ལཱ་ཁི་སིན་གྱིས་བཤད་རྒྱུར། ནེའུ་ཙི་ལན་དང་ཀྲུང་གོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་བཅུ་འགོར་བའི་རིང་། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་འབྲེལ་བས་འཕེལ་སྟོབས་ཆེན་པོ་སྲུང་འཛིན་བྱས་ཤིང་། མི་སྣའི་འགྲོ་འོང་ཀྱང་ཧ་ཅང་ཟབ་མོ་ཡིན་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཐོགས་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་དང་རིམ་པ་སོ་སོའི་འབྲེལ་འདྲིས་གྲོས་མོལ་ལ་ཤུགས་སྣོན་རྒྱུ་དང་། ཞིང་ལས་དང་ཟས་རིགས། གསར་གཏོད་ཐོན་ལས། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་བ། མི་ཆོས་བརྗེ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྲིམས་བསྟར་མཉམ་ལས་ལ་ཤུགས་བསྣན་ཏེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་འོག  མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། ལག་རྡང་མཉམ་སྦྲེལ་གྱིས་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་ལ་ཁ་གཏད་འཇལ་འདོད་ཡོད།

རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་གཅིག་གྱུར་གྱིས་བསྟན་དོན། ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བས་ཡིད་ཚིམ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་ཡོད། ཕྱོགས་གཉིས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་མིག་རྒྱང་རིང་བའི་ཟུར་ཚད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལྟ་བ་དང་ཐག་གཅོད་ཡག་པོ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་གི་མཉམ་ལས་གཞི་རྒྱ་ཇེ་ཆེར་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མི་ཆོས་བརྗེ་རེས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པ་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བས་བདེ་ཐང་བརྟན་འཇགས་ཀྱི་འཕེལ་རྒྱས་རྒྱུན་སྲིང་བྱེད་པར་སྐུལ་འདེད་གཏོང་དགོས། ཉོ་ཚོང་ཞབས་ཞུའི་ལྡོག་ཕྱོགས་གསལ་ཁྲའི་གྲོས་མོལ་གྱི་མགོ་རྩོམ་པར་རྒྱལ་ཁབ་གཉིས་འཐད་པ་བྱུང་།

གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཉོ་ཚོང་ཞབས་ཞུ་དང་ཚོང་གཉེར་ཁོར་ཡུག ཞིང་ཐོན་ཟས་རིགས་ཐོན་རྫས་ཀྲུང་གོར་འདྲེན་པ། ཚན་རྩལ། ཆེད་ཁེ་རྩིས་བཤེར། དུས་བྱ་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བཀོད་པར་མཉམ་དུ་བདེན་དཔང་གནང་བར་མ་ཟད། མཉམ་དུ་གསར་འགོད་པར་ཐུག་འཕྲད་གནང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ནེའུ་ཙི་ལན་གྱི་ཙུང་ལི་གྲོས་མོལ་གྱི་མཉམ་འབྲེལ་གྲུབ་འབྲས་ཀྱི་གསལ་བསྒྲགས་སྤེལ།

གྲོས་མོལ་སྔོན་དུ། ལ་ཁི་སིན་གྱིས་ཙུང་ཏུའུ་བཞུགས་ཤག་གི་ཐང་ཆེན་བྱང་མ་རུ་ཙུང་ལི་ལི་ཆང་ལ་དགའ་བསུ་ཞུ་བའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ། ནེའུ་ཙི་ལན་གྱིས་སྔོན་ལ་མའོ་ལིས་མིའི་སྲོལ་རྒྱུན་ཆོ་གས་ལི་ཆང་ལ་དགའ་བསུ་ཞུས་ཤིང་། དེའི་རྗེས་ལི་ཆང་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་པ་ན། དམག་མིའི་གཟབ་སྦྲེང་རུ་ཁག་གིས་ཀྲུང་གོའི་རྒྱལ་གླུ་དཀྲོལ་བ་དང་། ཡུལ་དངོས་སུ་གུས་ལུགས་མེ་སྒྱོགས་ཐེངས་བཅུ་དགུ་གྲགས། ལི་ཆང་གིས་གུས་ཞབས་དམག་དཔུང་ལ་གཟིགས་ཞིབ་གནང་།

ནེའུ་ཙི་ལན་གྱི་ཙུང་ཏུའུ་ཅི་ལའོ་བཟའ་ཟླ་གཉིས་དགའ་བསུ་ཞུ་བའི་བྱེད་སྒོར་ཞུགས།

ཝུའུ་ཀྲིན་ལུང་གོང་གི་བྱེད་སྒོར་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号