ལི་ཆང་གིས་ནེའུ་ཙི་ལན་གྱི་ཙུང་ཏུའུ་ཅི་ལའོ་ལ་ཐུག་འཕྲད་གནང་བ།

ཟླ6པའི་ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧུའེ་ལིན་ཏུན་གྱི་ཙུང་ཏུའུ་བཞུགས་ཤག་ནས་ནེའུ་ཙི་ལན་གྱི་ཙུང་ཏུའུ་ཅི་ལའོ་ལ་ཐུག་འཕྲད་གནང་།

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧུའེ་ལིན་ཏུན་གྱི་ཙུང་ཏུའུ་བཞུགས་ཤག་ནས་ནེའུ་ཙི་ལན་གྱི་ཙུང་ཏུའུ་ཅི་ལའོ་ལ་ཐུག་འཕྲད་གནང་།

ལི་ཆང་གིས་ཙུང་ཏུའུ་ཅི་ལའོ་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་སྒྲོག་གནང་། ལི་ཆང་གིས་བསྟན་དོན། ཀྲུང་ནེའུ་ཕྱི་འབྲེལ་བཙུགས་ནས་ལོ་ངོ52རིང་། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་སྲ་བརྟན་འགྱུར་མེད་ཡིན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ང་རང་ཐེངས་འདིར་ནེའུ་ཙི་ལན་ལ་འཚམས་འདྲི་ཕེབས་པ་ནི་ཀྲུང་ནེའུ་ཡིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་འཁོར10ལོན་པར་འཁེལ་ཡོད་ལ། དེ་ནི་མཛའ་མཐུན་གྱི་འཚམས་འདྲི་ཞིག་དང་མཉམ་ལས་ཀྱི་འཚམས་འདྲི་ཞིག་ཡིན། ཀྲུང་གོས་ནེའུ་ཙི་ལན་དང་མཉམ་དུ་ལག་གདང་སྦྲེལ་ནས། ཀྲུང་ནེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རིམ་སྤར་བྱས་ཏེ། སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་དང་ཐ་ན་འཛམ་གླིང་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

ལི་ཆང་གིས་བསྟན་དོན། ཀྲུང་ནེའི་ཡི་འཕེལ་རྒྱས་འདུ་ཤེས་གཅིག་མཚུངས་ཡིན་པ་དང་རིག་གནས་རིན་ཐང་ཕན་ཚུན་འབྲེལ་ཡོད་ལ། རྒྱལ་སྤྱིའི་བསམ་ཕྱོགས་ཕལ་ཆེར་འདྲ་བས། ལོ་ངོ་མང་པོའི་རིང་ལ་ཕན་ཚུན་གྱི་འཕེལ་རྒྱས་ཁྲོད་ཕན་ཁེ་ཐོབ་པ་དང་། ཕྱོགས་གཉིས་ནི་ནམ་ཡིན་ཡང་ཐུན་མོང་གི་འཕེལ་རྒྱས་རོགས་ཟླར་འགྱུར་བར་བྱེད་དགོས། ཀྲུང་གོས་ནེའུ་ཙི་ལན་དང་མཉམ་དུ་སྔར་ལས་ལྷག་པར་མཉམ་ལས་ཀྱི་འབྲེལ་ཐག་དམ་ཟབ་དུ་བཏང་སྟེ། སློབ་གསོ་དང་རིག་གནས་སོགས་མི་ཆོས་བརྗེ་རེས་ལ་ཤུགས་སྣོན་པ་དང་། མི་སྣ་འགྲོ་ོའོང་རྒྱ་བསྐྱེད་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་སྔར་ལས་མང་བའི་མཛའ་མཐུན་འགྲོ་འོང་གི་གཏམ་རྒྱུད་རྩོམ་པར་རམ་འདེགས་བྱེད་འདོད་ཡོད།

ཅི་ལའོ་ཡིས་ལི་ཆང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྷད་མེད་འཚམས་འདྲི་བརྒྱུད་སྒྲོག་བྱེད་དུ་བཅུག ཅི་ལའོ་ཡིས་བསྟན་དོན། ནེའུ་ཙི་ལན་གྱིས་ཀྲུང་གོ་དང་མཉམ་དུ་མུ་མཐུད་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་དུ་བཏང་ནས། མི་ཆོས་བརྗེ་རེས་སྔར་ལས་གཏིང་ཟབ་དུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་དམ་ཟབ་དུ་གཏོང་བ་ད་ང། ཐུན་མོང་ཐོག་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་ལ་ཁ་གཏད་འཇལ་དགོས།

ཝུའུ་ཀྲིན་ལུང་ཐུག་འཕྲད་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号