ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་བཙུགས་ནས་ལོ་འཁོར60ལོན་པའི་རྟེན་འབྲེལ་བྱ་འགུལ་གྱི་མགོ་ཚུགས་མཛད་སྒོར་བརྙན་ལམ་ནས་ཤིས་ཚིག་ཕུལ།

ཟླ6པའི་ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་བཙུགས་ནས་ལོ་འཁོར60ལོན་པའི་རྟེན་འབྲེལ་བྱ་འགུལ་གྱི་མགོ་ཚུགས་མཛད་སྒོར་བརྙན་ལམ་ནས་ཤིས་ཚིག་ཕུལ།

ཟླ6པའི་ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་བཙུགས་ནས་ལོ་འཁོར60ལོན་པའི་རྟེན་འབྲེལ་བྱ་འགུལ་གྱི་མགོ་ཚུགས་མཛད་སྒོར་བརྙན་ལམ་ནས་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་དང་འཕེལ་རྒྱས་གྲོས་ཚོགས་བཙུགས་ནས་ལོ་འཁོར60ལོན་པའི་རིང་། ཐུན་མོང་དར་རྒྱས་ཀྱི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ནས་ལྷོ་ལྷོ་མཉམ་ལས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་བ་དང་། ལྷོ་བྱང་སྐད་ཆ་བཤད་རེས་དར་སྤེལ་བཏང་བ། རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་གསར་པ་འཛུགས་པར་སྐུལ་འདེད་བཏང་བ་བཅས་བྱས་ནས། གོ་ལ་ཧྲིལ་པོའི་ཚོང་དོན་དང་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག་ཡོད། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་རིང་གི་འགྱུར་ལྡོག་མགྱོགས་མྱུར་འཕེལ་བཞིན་ཡོད་པས། ཞི་བདེ་དང་འཕེལ་རྒྱས་ལ་འགྲན་སློང་གསར་པ་འཕྲད་ཡོད། ང་ཚོས་ལོ་རྒྱུས་དང་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་གྱིས་ཁ་ཕྱོགས་ཡང་དག་པ་བཟུང་སྟེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་དགོས་པར་བསྟན།

ཞི་བདེའི་ངང་འཕེལ་རྒྱས་འགྲོ་བའི་རྒྱལ་སྤྱིའི་ཁོར་ཡུག་བསྐྲུན་དགོས། རྒྱལ་ཁབ་སོ་སོ་དང་ལྷག་པར་དུ་རྒྱལ་ཁབ་ཆེན་པོས་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣ་མང་ཅན་དར་སྤེལ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་བརྩི་སྲུང་ནན་མོ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་སོགས་ཕྱོགས་མང་ལས་ཁུངས་ཀྱིས་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་དགོས།

སྒོ་འབྱེད་འཕེལ་རྒྱས་ཀྱི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་དགོས། ཀུན་ཕན་དང་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བ་དར་སྤེལ་དང་། ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། འཕེལ་རྒྱས་དོ་སྙོམས་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས།

གསར་གཏོད་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱ་དགོས། སྒོ་འབྱེད་དང་ཁོང་ཡངས། མཐོང་ཆུང་མི་བྱེད་པའི་གྲངས་འཛིན་དཔལ་འབྱོར་གྱི་ཁོར་ཡུག་བསྐྲུན་ནས། མི་རྩ་བར་འཛིན་པ་དང་རིག་ནུས་ཀྱི་བཟང་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་མི་ཐབས་རིག་ནུས་སྒྲིག་སྲོལ་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། ལྗང་མདོག་ཚུལ་སྒྱུར་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་གྲངས་འཛིན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་རླབས་རྒྱུན་ཁྲོད་སྔར་ལས་ལེགས་པའི་སྒོ་ནས་འདྲེས་སུ་འཇུག་དགོས།

ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པའི་ལོ་ཡིན་ཞིང་། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པས། འཛམ་གླིང་འཕེལ་རྒྱས་ལ་གོ་སྐབས་གསར་པ་བསྐྲུན་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་ཁོངས་མི་ཡིན་ཞིང་། ནམ་ཡང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པ་རེད། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ནས་ནང་འདྲེན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཚོང་དོན་དང་དངུལ་གཏོང། འཕེལ་རྒྱས་བཅས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པར་རོགས་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་མིའི་རིགས་ཀྱི་མདུན་ལམ་དེ་བརྩེ་སེམས་ལ་བརྩི་རྒྱུ་དང་། མི་དམངས་ཀྱི་བདེ་སྐྱིད་དེ་རེ་བར་བརྩིས་ཏེ། འཛམ་གླིང་ཞི་བདེ་དང་བདེ་འཇགས། དར་རྒྱས། ཡར་ཐོན་བཅས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གྱིས་བསྟན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号