ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི་ཞེ་སི་ཧྥུའུ་ཡིས་དེ་རིང་ནས་བཟུང་རང་རྒྱལ་ལ་དངོས་སུ་འཚམས་འདྲི་གནང་བ།

ཞ་པ་ཚི་ཞེ་སི་ཧྥུའུ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གི་གདན་ཞུ་ལྟར། ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི་ཞེ་སི་ཧྥུའུ་ཡིས་ཟླ6པའི་ཚེས4ཉིན་ནས་ཚེས8ཉིན་བར་རང་རྒྱལ་ལ་དངོས་སུ་འཚམས་འདྲི་གནང་རྒྱུ་རེད།

ཞ་པ་ཚི་ཞེ་སི་ཧྥུའུ་ནི1951ལོར་ཕ་ཁི་སི་ཐན་ཕེང་ཀྲོའུ་ཕུའུ་ཞིང་ཆེན་ལ་ཧ་ཨར་གྲོང་ཁྱེར་དུ་སྐྱེས་ཤིང་། 1997ལོ་དང2008ལོ། 2013ལོ་བཅས་ཐེངས་གསུམ་ལ་ཕེང་ཀྲོའུ་ཕུའུ་ཞིང་ཆེན་གྲོས་ཁང་གི་གྲོས་མིར་བདམས། 2018ལོའི་ཟླ3པར་མུའུ་སི་ལིན་མནའ་འབྲེལ་གྱི་ཀྲུའུ་ཞིར་བདམས་པ་དང་། ལོ་དེའི་ཟླ8པར་ཕ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་གི་ངོ་རྒོལ་ཏང་གི་གཙོ་འཛིན་ལ་བདམས། 2022ལོའི་ཟླ4པར་ཕ་ཁི་སི་ཐན་གྱི་སྐབས23པའི་ཙུང་ལིར་བདམས་པ་དང་། 2023ལོའི་ཟླ8པར་ལས་འགན་བསྐྱུར། 2024ལོའི་ཟླ4པར་ཕ་ཁི་སི་ཐན་གྱི་སྐབས24པའི་ཙུང་ལིའི་འགན་བཞེས།

ཀྲུང་གོར་མཛའ་བརྩེ་ཆེ་བས་ཐེངས་མང་པོར་ཀྲུང་གོར་འཚམས་འདྲིར་ཕེབས་མྱོང་།

ཞ་པ་ཚི་ཞེ་སི་ཧྥུའུ་གཉེན་སྒྲིག་ཡོད་པ་དང་། བུ2དང་བུ་མོ2ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号