ཞི་ཅིན་ཕིང་གིས་པ་ལིན་གྱི་རྒྱལ་བོ་ཧ་མ་ཏི་དང་གྲོས་མོལ་གནང་བ།

ཟླ5པའི་ཚེས31ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བར་མ་ཟད་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པའི་པ་ལིན་གྱི་རྒྱལ་པོ་ཧ་མ་ཏི་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་གོ་དང་པ་ལིན་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་གནང་།

ཟླ5པའི་ཚེས31ཉིན་གྱི་ཕྱི་དྲོར།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཡོང་བར་མ་ཟད་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པའི་པ་ལིན་གྱི་རྒྱལ་པོ་ཧ་མ་ཏི་དང་གྲོས་མོལ་གནང་། འདི་ནི་ཞི་ཅིན་ཕིང་དང་ཧ་མ་ཏི་ཡིས་ལག་འཇུ་གནང་བའི་ཚུལ་རེད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་པ་ལིན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས།    བརྟན་བརླིང་བཅས་ལ་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་།    པ་ལིན་རང་བཙན་རང་བདག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུར་རྒྱབ་སྐྱོར་བྱས་ཏེ།    པ་ལིན་གྱི“2030ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འདུན་ལྗོངས”དང་སྣ་མང་ཅན་གྱི་འཕེལ་རྒྱས་འཐབ་ཇུས་ལ་རྒྱབ་སྐྱོར་བྱས་ནས། པ་ལིན་ཕྱོགས་དང་མཉམ་དུ་ནུས་ཁུངས་དང་དངུལ་གཏོང་། འགྲིམ་འགྲུལ།    ནུས་ཁུངས་གསར་པ།    གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། སྤུས་ཚད་མཐོ་བའི “རྒྱུད་གཅིག་ལམ་གཅིག” མཉམ་སྐྲུན་ལ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།  ཕྱོགས་གཉིས་ཀྱིས་མི་གཞུང་རིག་གནས་བརྗེ་རེས་དང་མི་སྣའི་འགྲོ་འོང་དམ་ཟབ་བྱས་ནས་ཀྲུང་གོ་དང་པ་ལིན་གྱི་མཛའ་བརྩེའི་དམངས་འདོད་རྨང་གཞི་མུ་མཐུད་དུ་སྲ་བརྟན་དུ་གཏོང་དགོས།     ཀྲུང་གོ་ཕྱོགས་ཀྱིས་ལམ་ལུགས་མི་འདྲ་བ་དང་དཔལ་ཡོན་མི་འདྲ་བའི་རྒྱལ་ཁབ་བར་ཕན་ཚུན་བརྩི་བཀུར་དང་འཆམ་མཐུན་མཉམ་གནས་བྱེད་པའི་འདོད་ཚུལ་འཛིན་བཞིན་ཡོད།    དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་བར་མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཞི་བདེའི་འདུམ་འགྲིག་མངོན་འགྱུར་བྱེད་པ།    འཕེལ་རྒྱས་དར་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད།    པ་ལིན་དང་བཅས་པའི་ས་ཁུལ་གྱི་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་།    ཀྲུང་གོ་དང་ཨ་རབ་རྩེ་ཚོགས་སྐབས་གཉིས་པ་ཡག་པོ་གཉེར་བ།    ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་འདོད་ཡོད།     མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་སྟེགས་དང་མཐུན་སྦྱོར་འབྲེལ་གཏུག་བྱེད་ཤུགས་ཇེ་ཆེར་བཏང་ནས། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ཏེ། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱ་དགོས།

ཟླ5པའི་ཚེས31ཉིན་གྱི་ཕྱི་དྲོར།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཡོང་བར་མ་ཟད་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པའི་པ་ལིན་གྱི་རྒྱལ་པོ་ཧ་མ་ཏི་དང་གྲོས་མོལ་གནང་། 

ཧ་མ་ཏིས་བསྟན་དོན། ཀྲུང་གོ་ནི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པས་པ་ལིན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་ལ། པ་ལིན་ཕྱོགས་ཀྱིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། པ་ལིན་ཕྱོགས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་གོ་སྐབས་སུ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་བྱེད་པ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་དམ་ཟབ་བྱས་ཏེ། པ་ལིན་གྱི་སྣ་མང་ཅན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་བར་རོགས་རམ་བྱ་རྒྱུའི་རེ་བ་ཡོད། པ་ལིན་གྱིས་ཀྲུང་གོ་ཕྱོགས་ཀྱིས་རྒྱུན་འཁྱོངས་བྱས་པའི་བླ་ན་མེད་པའི་རིན་ཐང་འདུ་ཤེས་དང་དཔྱོད་ཤེས་ཀྱི་སྲིད་ཇུས་འདོད་ཚུལ་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད་པར་མ་ཟད་མོས་མཐུན་ཆེན་པོ་བྱུང་ཡོད། ཀྲུང་གོ་འཕེལ་རྒྱས་ཡག་པོ་བྱུང་ཚེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གཞི་ནས་འཕེལ་རྒྱས་ཡག་པོ་འགྲོ་བ་དང་། འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རིམ་ལ་གཞི་ནས་རྒྱུན་མཐུད་ངང་སྐུལ་འདེད་གཏོང་ཐུབ། ཀྲུང་གོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ངེས་ཡིན་པ་མ་ཟད། འཛམ་གླིང་གི་ཞི་བདེ་དར་རྒྱས་ཆེད་དུ་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་ཐུབ་ངེས་ཡིན་པས། པ་ལིན་ཕྱོགས་ཀྱིས་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད། པ་ལིན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས་ཀྲུང་གོ་ཞི་བས་གཅིག་གྱུར་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་ཕྱོགས་མང་མཉམ་ལས་དམ་ཟབ་བྱས་ནས་རྒྱལ་ཁབ་སོ་སོའི་མི་དམངས་ལ་འདྲ་མཉམ་གྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་ལོངས་སུ་སྤྱོད་རྒྱུར་སྔར་ལས་འགན་སྲུང་ལེགས་པོ་བྱེད་འདོད་ཡོད། པ་ལིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་རང་མོས་ཚོང་དོན་གྲོས་མཐུན་སྔ་ཙམ་ནས་འགོད་རྒྱུར་སྐུལ་འདེད་གཏོང་བ་དང་།    ཨ་རབ་དང་ཀྲུང་གོའི་མཛའ་མཐུན་སྙིང་སྟོབས་དར་སྤེལ་བཏང་སྟེ། དུས་རབས་གསར་པར་ཕྱོགས་པའི་ཨ་རབ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་འདོད་ཡོད།

ཧ་མ་ཏིས་ཉེ་ལམ་གྱི་ཨ་རབ་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་སྐབས་སོ་གསུམ་པའི་གནས་ཚུལ་དང་ཁྱད་པར་དུ་ཨ་རབ་རྒྱལ་ཁབ་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་དང་། དེ་མིན་ཅ་ཧྲའི་གདོང་ཐུག་མྱུར་དུ་མཇུག་བསྒྲིལ་རྒྱུར་སྐུལ་འདེད་གཏོང་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དྲང་བདེན་གྱི་ལངས་ཕྱོགས་བཟུང་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱ་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕ་ལེ་སི་ཐན་གྱི་གནད་དོན་ཐད་ཀྲུང་གོ་དང་པ་ལིན་ཕྱོགས་གཉིས་ཀྱི་ལངས་ཕྱོགས་གཅིག་མཐུན་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མནའ་འབྲེལ་གྱི་འགོ་གཙོའི་གྲོས་ཚོགས་སྟེང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་ཨ་རབ་རྒྱལ་ཁབ་ཀྱི་ཐུན་མོང་གི་འདོད་བློ་བཤད་པར་བསྔགས་བརྗོད་བྱ་རྒྱུ་དང་། པ་ལིན་དང་ཨ་རབ་རྒྱལ་ཁབ་གཞན་དག་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕ་ལེ་སི་ཐན་གྱི་གནད་དོན་སྔ་མོ་ནས་ཕྱོགས་ཡོངས་དང་དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།

གྲོས་མོལ་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་དངུལ་གཏོང་དང་ལྗང་མདོག་ཐཱན་ཉུང་། གློག་རྡུལ་ཚོང་དོན། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་མང་པོ་ནས་ཕྱོགས་གཉིས་བར་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་བདེན་དཔང་གནང་།

ཟླ5པའི་ཚེས31ཉིན་གྱི་ཕྱི་དྲོར།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཡོང་བར་མ་ཟད་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པའི་པ་ལིན་གྱི་རྒྱལ་པོ་ཧ་མ་ཏི་དང་གྲོས་མོལ་གནང་། གྲོས་མོལ་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕྱོགས་གཉིས་བར་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་བདེན་དཔང་གནང་བའི་ཚུལ་རེད།

ཟླ5པའི་ཚེས31ཉིན་གྱི་ཕྱི་དྲོར།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཡོང་བར་མ་ཟད་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པའི་པ་ལིན་གྱི་རྒྱལ་པོ་ཧ་མ་ཏི་དང་གྲོས་མོལ་གནང་། འདི་ནི་ཞི་ཅིན་ཕིང་དང་ཧ་མ་ཏི་ཡིས་ལག་འཇུ་གནང་བའི་ཚུལ་རེད།

ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པ་ལིན་རྒྱལ་པོའི་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།

གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་ཧ་མ་ཏིར་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཟླ5པའི་ཚེས31ཉིན་གྱི་ཕྱི་དྲོར།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཡོང་བར་མ་ཟད་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པའི་པ་ལིན་གྱི་རྒྱལ་པོ་ཧ་མ་ཏི་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་ཧ་མ་ཏིར་དགའ་བསུ་ཞུ་བའི་མཛད་སྒོ་བསྡུ་བའི་ཚུལ་རེད།

ཧ་མ་ཏི་འབྱོར་སྐབས་གུས་དམག་གིས་གྲལ་བསྒྲིགས་ནས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་ལ། དམག་དཔུང་རོལ་དབྱངས་རུ་ཁག་གིས་ཀྲུང་གོ་དང་པ་ལིན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་སྒྱོགས་ཐེངས21གྲགས། ཧ་མ་ཏིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད་པ་དང་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་ཞིབ་མཛད།

དགོང་མོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་ཧ་མ་ཏིར་དགའ་བསུའི་གསོལ་སྟོན་བཤམས། 

ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号