ཀུའེ་ཡཱ་ནཱའི་ཙུང་ཐུང་གིས་ཀྲུང་གོའི་བར་གོ་སྐབས་མཉམ་སྤྱོད་བྱས་ནས་མཉམ་ལས་ལ་མཉམ་བརྩོན་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཀུའེ་ཡཱ་ནཱའི་ཙུང་ཐུང་ཨ་ལི་ཡིས་ཚེས23ཉིན་བསྟན་དོན། ཀྲུང་གོ་ནི་ཀུའེ་ཡཱ་ནཱའི་གྲོགས་པོ་དང་སྤུན་ཟླ་བཟང་བོ་ཡིན་པ་དང་། ཀུའེ་ཡཱ་ནཱའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་རིམ་སྤོར་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཀུའེ་ཡཱ་ནཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གོ་སྐབས་མཉམ་སྤྱོད་བྱས་ནས་མཉམ་ལས་ལ་མཉམ་བརྩོན་བྱེད་འདོད་ཡོད་ཟེར།

ཨ་ལི་ཡིས་ཙུང་ཐུང་བཞུགས་ཤག་ནས་ཀུའེ་ཡཱ་ནཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་དབྱང་དབྱང་གིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད།

དབྱང་དབྱང་གིས་བསྟན་དོན། ཀུའེ་ཡཱ་ནཱ་ནི་ཀྲུང་གོའི་ཅཱ་ལེ་པུས་ས་ཁུལ་གྱི་གྲོགས་པོ་གལ་ཆེན་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཐུན་མོང་སེམས་ཁུར་དང་སྐུལ་འདེད་བཏང་འོག ཀྲུང་གོ་དང་ཀུའེ་ཡཱ་ནཱའི་ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་བ་དང་། དངོས་གཉེར་མཉམ་ལས་ལ་གཏན་འཇགས་ངང་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀུའེ་ཡཱ་ནཱ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཀོད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་ནན་ཏན་གྱིས་དངོས་འབེབས་བྱས་ནས། ཀྲུང་གོ་དང་ཀུའེ་ཡཱ་ནཱའི་འབྲེལ་བར་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号