ཝན་ལུང་གྲོས་ཚོགས་ཀྱི་ལོ་ངོ་བདུན་ཅུར་རྗེས་དྲན་བྱེད་པའི་རྒྱལ་སྤྱིའི་དཔྱད་གླེང་ཚོགས་འདུ་ཧིན་རྡུ་ཉི་ཞི་ཡཱ་རུ་སྤེལ།

ཝན་ལུང་གྲོས་ཚོགས་བསྡུས་ནས་ལོ་ངོ70འགོར་བར་རྗེས་དྲན་བྱེད་ཆེད། ཝན་ལུང་སྙིང་སྟོབས་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་འཕེལ་རྒྱས་ཞེས་པའི་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུ་ཚེས24ཉིན་ཧིན་རྡུ་ཉི་ཞི་ཡཱའི་བཀྲ་ཝ་ནུབ་མ་ཞིང་ཆེན་གྱི་ཝན་ལུང་གྲོང་ཁྱེར་ནས་སྤེལ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱ། རྒྱ་གར། ཕཱ་ཁི་སི་ཐན་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་སྲིད་གཞུང་གི་དཔོན་རིགས་དང་། ཕྱི་འབྲེལ་མི་སྣ། མཁས་པ། ན་གཞོན་འཐུས་མི་བཅས་མི400ལྷག་གྲོས་ཚོགས་ལ་ཞུགས།

ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལུའུ་ཧུའུ་ཐི་ཡིས་བརྙན་རིས་ཞུ་ཚིག་འབུལ་སྐབས་བསྟན་དོན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་བྱེད་པར་དཀའ་ཁག་ཡོད་པ་དང་། ས་ཁུལ་བར་གྱི་འཁྲུག་རྩོད་མུ་མཐུད་དུ་འབྱུང་བཞིན་ཡོད་ལ། ནམ་ཟླའི་ཉམས་ཉེན་ཆེ་བ་སོགས་གནད་དོན་གྱི་མདུན་ནས། འཛམ་གླིང་ཧྲིལ་བོས་མཐུན་སྒྲིལ་རོགས་རེས་བྱེད་དགོས་པ་དང་། ཨེ་ཤ་ཡཱ་དང་ཨ་ཧྥེ་རི་ཁ་གླིང་། ལཱ་ཏེན་བཅས་ཀྱི་རྒྱལ་ཁབ་དག་གིས་ངེས་པར་དུ་ལག་རྡང་སྦྲེལ་ནས་སྔར་ལས་དྲང་བདེན་དོ་མཉམ་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་དགོས་ལ། ཧིན་རྡུ་ཉི་ཞི་ཡཱ་ཡིས་ཕྱི་འབྲེལ་ལ་བརྟེན་ནས་ཝན་ལུང་སྙིང་སྟོབས་ལག་ལེན་བྱེད་རྒྱུ་ཡིན་ཟེར།

ཧིན་རྡུ་ཉི་ཞི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ལུའུ་ཐུང་གིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ལོ་ངོ་བདུན་ཅུའི་སྔོན་ལ། ཨེ་ཤ་ཡཱ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་ས་ཁུལ་གྱིས་རང་བདག་ངང་གྲོས་ཚོགས་བསྡུས་ཏེ། མཐུན་སྒྲིལ་དང་མཛའ་མཐུན། མཉམ་ལས་བཅས་ཀྱི་ཝན་ལུང་སྙིང་སྟོབས་ཆགས་པར་བྱས་ནས། རྒྱལ་སྤྱིའི་འབྲེལ་བའི་ཐད་བྱས་རྗེས་གལ་ཆེན་བཞག ཀྲུང་གོས་བཏོན་པའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ། འཛམ་གླིང་ཡོངས་ཀྱི་གྲོས་འགོ་ཆེན་པོ་གསུམ་སོགས་ཕྱི་འབྲེལ་བཅོས་སྐྱོང་ཇུས་གཞི་སོགས་དེའི་དགོངས་པ་དང་གཅིག་མཚུངས་སུ་གྱུར་ཡོད་ཟེར།

ཝང་ལུའུ་ཐུང་གིས་བཤད་རྒྱུར། ཀྲུང་གོས་མུ་མཐུད་དུ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་བྱེད་པ་དང་། དྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ལ་སྲུང་སྐྱོབ་དང་འཛམ་གླིང་ཡོངས་ཀྱི་མུ་འབྲེལ་མཁོ་འདོན་གཏན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། རྙོག་འཛིང་ཆེ་བའི་འཛམ་གླིང་ཡོངས་ལ་གཏན་འཇགས་རང་བཞིན་དང་དྲང་ཕྱོགས་ནུས་ཚད་ཁ་སྣོན་བྱེད་རྒྱུ་ཡིན་ཟེར།

ཚོགས་ཞུགས་འཐུས་མི་དག་གིས་གཅིག་གྱུར་སྒོས་བལྟས་ན། ཝན་ལུང་སྙིང་སྟོབས་དེ་ཡུན་རིང་འགོར་ཡང་གསར་བྱུང་གི་དོན་སྙིང་ལྡན་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་ཁ་སྣོན་བྱེད་དགོས་པར་འདོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号