ཀྲུང་གོ་དང་ཨུ་རུ་སི། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱི་འཐུས་མིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་མཉམ་དུ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་དང་གྲོས་མོལ་བྱས།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ལིས་སུང་དང་། ཨུ་རུ་སིའི་རྒྱུན་སྡོད་འཐུས་མི་ཝུའུ་ལི་དབྱང་ནོའུ་ཧྥུའུ། དབྱི་ལིང་གི་རྒྱུན་སྡོད་འཐུས་མི་ནཱ་ཅཱ་ཧྥེ་བཅས་ཀྱིས་ཚེས24ཉིན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་དང་གྲོས་མོལ་བྱས་ཏེ། མིག་སྔའི་གནས་བབ་འོག་གི་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཇི་ལྟར་ནུས་པ་འདོན་སྤེལ་བྱེད་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དེ་ཆབ་སྲིད་དང་ཕྱི་འབྲེལ་ལ་བརྟེན་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་ཞབས་འདེགས་ཞུ་བའི་ཐད་ནས་གྲོས་བསྡུར་ཟབ་མོ་བྱས།

རྒྱལ་ཁབ་གསུམ་གྱི་འཐུས་མིས་ནན་གྱིས་བསྟན་དོན། ཕན་ཚུན་བརྩི་འཇོག་བྱེད་པའི་ཆབ་སྲིད་དང་ཕྱི་འབྲེལ་གྱི་འབྲེལ་འདྲིས་དང་གྲོས་མོལ་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པའི་ལག་བསྟར་བྱེད་ཆོག་པའི་བྱེད་ཐབས་ནུས་ལྡན་གཅིག་པུ་ཡིན་པ་དང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཆེད་ལས་རང་བཞིན་དང་ཐུན་མིན་གྱི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ནས། འཛུགས་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཆབ་སྲིད་དང་ཕྱི་འབྲེལ་གྱི་བྱ་བར་སྐུལ་འདེད་གཏོང་དགོས་ཟེར། ཀྲུང་གོ་དང་ཨུ་རུ་སི་ཡིས་དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་གྱི་གྲོས་མོལ་དང་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ལིས་སུང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལིང་གིས་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་སུ་མི་གཏོང་བའི་དམ་བཅའ་ལ་གཟེངས་བསྟོད་བྱས་པ་དང་། དབྱི་ལིང་གིས་ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པའི་ཁེ་དབང་ལ་བརྩི་འཇོག་བྱེད་ལ། དབྱི་ལིང་གིས་ཨ་མེ་རི་ཁ་དང་བཅས་པའི་ཕྱོགས་སོ་སོའི་བར་གྲོས་མོལ་བྱས་ཤིང་། གྲོས་མོལ་ལ་བརྟེན་ནས་ལུགས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་མ་ཟད། དེ་རྒྱལ་སྤྱིའི་ཉིང་རྡུལ་ནུས་པ་རྒྱ་ཡན་དུ་མི་གཏོང་བའི་མ་ལག་ལ་སྲུང་སྐྱོབ་བྱེད་པར་ཕན་པ་དང་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྐུལ་འདེད་གཏོང་བར་ཡང་ཕན་ཐོགས་ཡོད། གནས་བབ་གསར་བའི་འོག ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དང་དབྱི་ལིང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བཅས་བར་གྱི་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དེ་ཆབ་སྲིད་དང་ཕྱི་འབྲེལ་ལ་བརྟེན་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་དྲང་ཕྱོགས་ནུས་ཚད་ཁ་སྣོན་བྱེད་འདོད་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号