ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཤིང་། ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་པ་དང་ལའོ་ཏུང་ཁྲོན་གྲོས་ཚོགས་ལ་ཞུགས།
ཟླ4པའི་ཚེས25ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ཉེར་བདུན་པ་བསྡུས། གྲོས་ཚོགས་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི2024ལོའི་བྱ་བའི་སྙན་ཞུ་དང2025ལོའི་བྱ་བའི་གཙོ་གནད་ལ་གྲོས་ཞིབ་བྱས་པར་མ་ཟད། ཚན་རྩལ་གསར་སྐྲུན་དང་ཐོན་ལས་གསར་སྐྲུན་མཉམ་འདྲེས་འཕེལ་རྒྱས་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་པ་དང་། ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལའོ་ཏུང་ཁྲོན་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་སྟེང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ཆེ་མཐོང་དཔལ་འབྱོར་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་སུང་ཀི་ལུང་དང་། ཀྲུང་གོ་ཚན་རིག་ལག་རྩལ་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་སུན་ཧྥུའུ་ཆོན། ཀྲིའུ་ཅང་ཞིང་ཆེན་ཧང་ཀྲིའུ་མཁར་ནུབ་ཚན་རྩལ་གསར་སྐྲུན་ཁྱམས་ར་ཆེན་མོའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་རིན་ཚའེ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་པ་དང་། འབྲེལ་ཡོད་སྡེ་ཁག་དང་མཐོ་རིམ་སློབ་གྲྭ། ཚན་ཞིབ་ལས་ཁུངས། ཁེ་ལས་བཅས་ཀྱིས་གནས་ཚུལ་སྙན་ཞུ་ཕུལ།
གྲོས་ཚོགས་ལས་བསྟན་དོན། ཚན་རྩལ་གསར་སྐྲུན་དང་ཐོན་ལས་གསར་སྐྲུན་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་བྱེད་པ་ནི་གསར་སྐྲུན་སྒུལ་ཤུགས་འཕེལ་རྒྱས་འཐབ་ཇུས་ཀྱི་ནང་གནས་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་ཡིན་ལ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོ་གལ་ཆེན་ཞིག་ཡིན། གོ་ལ་ཧྲིལ་བོའི་རེས་སྐོར་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་སྒྱུར་འཕེལ་རྒྱས་མགྱོགས་པོ་བྱུང་པ་ལས་ཐོན་པའི་འགྲན་སློང་དང་གོ་སྐབས་བསུ་དགོས་ལ། དཔའ་ངར་ཆེན་པོས་མདུན་སྐྱོད་དང་བློ་བརྟན་འགྱུར་མེད་ངང་གསར་སྐྲུན་གཉིས་མཉམ་འདྲེས་བྱེད་པའི་འཕེལ་རྒྱས་བགྲོད་ལམ་སྟེང་ཡག་པོར་བསྐྱོད་པ། མུ་མཐུད་དུ་སྲིད་ཇུས་ལམ་ལུགས་ཁྲོད་ནུས་ཤུགས་འདོན་པ་དང་། གཙོ་གཟུགས་རྒྱུ་རྐྱེན་ཁྲོད་ནུས་ཤུགས་འདོན་པ། ཐོན་ལས་གསོ་སྐྱོང་ཁྲོད་ནུས་ཤུགས་བཏོན་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཚན་རྩལ་གསར་སྐྲུན་དང་ཐོན་ལས་གསར་སྐྲུན་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་འཚོལ་ཞིབ་བྱས་ཏེ་མདུན་བསྐྱོད་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་གནས་གསུམ་གཞི་གཅིག་ལ་དམ་པོར་དམིགས་ནས་ཐོན་ལས་དགོས་མཁོ་དང་བསླབ་ཚན་འཛུགས་སྐྲུན། འཇོན་མི་གསོ་སྐྱོང་བཅས་ཀྱི་གདུབ་ཟུམ་མངོན་འགྱུར་བྱེད་དགོས། སྔར་ལས་ཆེ་བའི་ཤུགས་ཚད་ལ་བརྟེན་ནས་ཚན་རྩལ་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ། ཆུ་ཚད་མཐོ་བའི་མཐོ་སྒང་ཚན་རྩལ་སྟོབས་ཤུགས་འཛུགས་སྐྲུན་བྱེད་དགོས། རང་སྟེང་གི་ཚན་རྩལ་གསར་སྐྲུན་སྟེགས་བུ་གསོ་སྐྱོང་དང་བཀོལ་སྤྱོད་ལེགས་པོ་བྱེད་པ་དང་། ཞིབ་འཇུག་གསར་སྤེལ་སྒུལ་ཤུགས་སུ་བྱས་པའི་ནང་གནས་སྒུལ་ཤུགས་རྐྱེན་སྲོལ་འཛུགས་སྐྲུན་བྱེད་དགོས། སྔར་ལས་ལེགས་པའི་གསར་སྐྲུན་ཁོར་ཡུག་འཛུགས་སྐྲུན་དང་བཅོས་སྒྱུར་ཤུགས་ཚད་ཆེ་རུ་གཏོང་བ། ལམ་ལུགས་དགེ་མཚན་གྲུབ་པར་བྱས་ནས་ཚན་རྩལ་གསར་སྐྲུན་རྒྱུ་རྐྱེན་གཙོ་བོར་འཛིན་པ་དང་། རང་ཞིང་གི་ཚན་རྩལ་གསར་སྐྲུན་ལ་འཚམ་པའི་ཡར་སྐུལ་རྐྱེན་སྲོལ་དང་རྐྱེན་སྲོལ་འཚོལ་ཞིབ་དང་ཞིབ་འཇུག་བྱེད་དགོས། ཚན་རྩལ་གསར་སྐྲུན་གཅིག་འདོམས་ཤུགས་ཚད་ཆེ་རུ་གཏོང་བ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ཞིབ་འཇུག་སྒྲིག་ལུགས་གནད་དུ་བཟུང་ནས་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་སྤྱིའི་གཅིག་འདོམས་འཆར་འགོད་འབུར་དུ་ཐོན་པར་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བཅོས་སྒྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། བཅོས་སྒྱུར་སྙིང་སྟོབས་དར་སྤེལ་གཏོང་བ། བཅོས་སྒྱུར་གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ། ཁྱབ་ཁོངས་སོ་སོའི་གཙོ་གནད་བཅོས་སྒྱུར་འགན་འཁྲི་འབུར་དུ་ཐོན་པར་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་གྱི་བྱེད་ཐབས་གལ་ཆེན་སྔར་ལས་འཆར་འགོད་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བཅོས་སྒྱུར་དངོས་འབེབ་དམ་འཛིན་བྱེད་པ་དང་། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན། གསར་སྐྲུན་བྱེད་ཕོད་པའི་བཅོས་སྒྱུར་གྱི་ཁ་དབུགས་སྟུག་པོ་གྲུབ་པར་སྐུལ་འདེད་གཏོང་དགོས།
ལིའུ་མེ་ཕེན་དང་ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཀྲའོ་ཡུའེ་ཞ། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལི་ཧན། པན་གོ ཧི་ལུའུ་ཁྲུན། ལོའུ་ཀང་། ལིའུ་ཐའོ། ལིའུ་ཁྲའོ་བཅས་གྲོས་ཚོགས་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注