རྒྱལ་ཡོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་དྲུང་ཡིག་ཆེན་མོའི་གྲོས་ཚོགས་པེ་ཅིང་དུ་བསྡུས།

ཟླ4པའི་ཚེས24ཉིན། རྒྱལ་ཡོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་དྲུང་ཡིག་ཆེན་མོའི་གྲོས་ཚོགས་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གནང་།

ཟླ4པའི་ཚེས24ཉིན། རྒྱལ་ཡོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་དྲུང་ཡིག་ཆེན་མོའི་གྲོས་ཚོགས་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གནང་།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞུང་སྒྲུབ་ཐིན་གྱི་བྱ་བའི་མཛུབ་སྟོན་གལ་ཆེན་ལག་བསྟར་དང་སློབ་སྦྱོང་ནན་མོ་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྲུང་སྐྱོང་གཉིས་ཡག་པོ་སྒྲུབ་མཁན་བཟང་པོ་བྱེད་དགོས། དེང་སྐབས་གཞུང་སྒྲུབ་ཐིན་གྱི་བྱ་བའི་ཁ་གཏད་པའི་གནས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས། ཏང་གི་གསར་སྐྲུན་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས། དོན་དག་གལ་ཆེན་གྱི་དགོངས་སྐོར་སྙན་ཞུའི་ལམ་ལུགས་དོན་འཁྱོལ་བྱས་ཏེ།    ཆབ་སྲིད་ཀྱི་འགག་སྒོ་དམ་འཛིན་གྱི་ནུས་པར་སྔར་ལས་ཤུགས་སྣོན་པ་དང་། དོན་འཁྱོལ་དམ་འཛིན་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ།    ཏང་ཀྲུང་དབྱང་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་སྔར་ལས་ལེགས་པོ་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་།    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་སྣེ་ཁྲིད་དོན་འཁྱོལ་བྱས་ཏེ།    མུ་མཐུད་དུ་ཕྱི་ཚུལ་རིང་ལུགས་ལེགས་བཅོས་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས། རིམ་པ་སོ་སོའི་གཞུང་སྒྲུབ་ཐིན་གྱིས་རྒྱུན་འཁྱོངས་ལྔ་ལག་བསྟར་གཏིང་ཟབ་བྱས་ཏེ། རང་ངོས་འཛུགས་སྐྲུན་གྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས་གཞུང་སྒྲུབ་ཐིན་གྱི་ཆབ་སྲིད་ནུས་པ་དང་ལས་སྒོའི་བྱང་ཚད་སྔར་ལས་མཐོར་འདེགས་གཏོང་བ་དང་། “ཞབས་ཞུ་གསུམ”གྱི་བྱ་བའི་ཆུ་ཚད་མཐོ་རུ་བཏང་སྟེ།    ཏང་སེམས་བདེ་བ་དང་མི་དམངས་བློ་ཡིད་ཚིམ་དུ་འཇུག་པའི་དཔེ་བཟང་ལས་ཁུངས་འཛུགས་སྐྲུན་བྱས་ནས།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་བསྐྲུན་པར་བྱས་རྗེས་འཇོག་དགོས། ཏང་ཨུ་དང་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་། གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གྱིས་འགན་འཁྲི་ཁུར་ཤུགས་ཆེ་རུ་གཏོང་བ་དང་།    སྤྱོད་ཚུལ་སྲ་བརྟན་སྦྱོང་བརྡར་བྱས་ནས་ཇུས་འདོན་ལས་རོགས་ཡག་པོ་བྱེད་དགོས།

རྒྱལ་སྲིད་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་ཁུར་བའི་ཝུའུ་ཀྲིན་ལུང་གིས་ཕྱོགས་བསྡོམས་གསུང་བཤད་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号