ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ4པའི་ཚེས25ཉིན་གྲོས་ཚོགས་བསྡུས་ནས། མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་ལས། ད་ལོར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་བྱ་བའི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་བསྣན་པ་དང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྟོབས་ཤུགས་གཅིག་སྡུད་བྱས་ནས་མཁྲེགས་གཏོར་བྱས་ཤིང་། ཆེ་མཐོང་སྲིད་ཇུས་སྣ་ཚོགས་ཀྱིས་མཐུན་སྦྱོར་ཤུགས་འདོན་བྱས་ཏེ། དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་ལེགས་པོ་མངོན་པ་དང་། སྤྱི་ཚོགས་ཀྱི་ཡིད་རྟོན་ཆེ་རུ་ཕྱིན་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་བཏང་ནས། སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་འཇགས་སྲུང་འཛིན་བྱས། དེ་དང་མཉམ་དུ། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་སྒོས་བཟང་ཕྱོགས་སུ་འཕེལ་བའི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་དགོས་པ་དང་། ཕྱི་ཕྱོགས་བརྡབ་གསིག་གི་ཤུགས་རྐྱེན་སྔར་ལས་ཆེ་རུ་གཏོང་དགོས་ལ། ཚད་མཐའི་བསམ་བློར་ཤུགས་སྣོན་པ་དང་། སྔོན་ཇུས་གྲ་སྒྲིག་ལེགས་པོ་བྱས་ནས། དཔལ་འབྱོར་བྱ་བ་ཡག་པོར་བསྒྲུབ་དགོས་པར་འདོད།

གྲོས་ཚོགས་ལས་བསྟན་དོན། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མགྱོགས་མྱུར་ངང་བསྐྲུན་པ། རྒྱལ་ནང་གི་དཔལ་འབྱོར་བྱ་བ་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་འཐབ་རྩོད་ལ་གཅིག་འདོམས་བྱེད་པ། བློ་བརྟན་འགྱུར་མེད་སྒོས་རང་གི་བྱ་བ་ཡག་པོར་བསྒྲུབ་པ། བློ་བརྟན་འགྱུར་མེད་སྒོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་དང་། ལས་ཞུགས་བརྟན་པོ་དང་ཁེ་ལས་བརྟན་འཇགས། ཁྲོམ་ར་གཏན་འཇགས། སྔོན་རྩིས་བརྟན་པོ་བཅས་ཀྱི་ཐད་ནུས་ཤུགས་བཏོན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་གྱིས་ཕྱི་ཕྱོགས་ཁོར་ཡུག་འགྱུར་ལྡོག་ཆེ་བའི་གཏན་འཁེལ་མིན་པའི་རང་བཞིན་ལ་ཁ་གཏད་གཅོག་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྔར་ལས་ནུས་ལྡན་གྱི་ཆེ་མཐོང་སྲིད་ཇུས་མགྱོགས་མྱུར་ངང་ལག་བསྟར་བྱེད་པ་དང་། སྔར་ལས་ལེགས་པའི་ནོར་སྲིད་སྲིད་ཇུས་དང་ལྟོས་བཅས་ལྷོད་གཡེང་གི་དངུལ་ལོར་སྲིད་ཇུས་བེད་སྤྱོད་བཟང་པོ་བྱེད་དགོས། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་དང་། ཡུན་རིང་དམིགས་བསལ་རྒྱལ་བུན་སོགས་མགྱོགས་མྱུར་སྒོས་བཀྲམ་ནས་བེད་སྤྱོད་བྱེད་དགོས། གཞི་རིམ་གྱི་འགན་བཅོལ་གསུམ་གྱི་ཚད་མཐའ་བརྟན་པོར་སྲུང་དགོས། ཚད་གཞི་དང་བུ་ལོན་འོས་འཚམ་གྱིས་ཇེ་དམའ་རུ་གཏོང་བ་དང་། འཁོར་རྒྱུག་རང་བཞིན་སྲུང་འཛིན་བྱས་ཏེ། དངོས་གཞིའི་དཔལ་འབྱོར་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་དགོས། སྒྲིག་གཞིའི་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་ཀྱི་ལག་ཆ་གསར་བཟོ་བྱེད་པ་དང་། རྣམ་པ་གསར་བའི་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལག་ཆ་བསྐྲུན་ནས། ཚན་རྩལ་གསར་གཏོད་དང་འཛད་སྤྱོད་རྒྱ་སྐྱེད། ཕྱི་ཕྱོགས་ཉོ་ཚོང་བརྟན་འཇགས་སོགས་ལ་རྒྱབ་སྐྱོར་བྱེད་དགོས། སྲིད་ཇུས་ཁ་ཕྱོགས་ཀྱི་གཅིག་གྱུར་རང་བཞིན་ལ་ཤུགས་སྣོན་དགོས།

གྲོས་ཚོགས་ལས་བསྟན་དོན། ཡོང་འབབ་དམའ་བ་དང་འབྲིང་བའི་ཚོགས་པའི་ཡོང་འབབ་ཇེ་མཐོར་གཏོང་བ་དང་། ཤུགས་ཆེན་པོས་ཞབས་ཞུའི་འཛད་སྤྱོད་འཕེལ་རྒྱས་བཏང་ནས། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་སྣོན་ཐད་སྐུལ་ཁྲིད་ནུས་པ་འདོན་པར་ཤུགས་སྣོན་དགོས། འཛད་སྤྱོད་ཁྱབ་ཁོངས་ཀྱི་ཚད་བཀག་རང་བཞིན་གྱི་བྱེད་ཐབས་མྱུར་མོར་མེད་པར་གཏོང་བ་དང་། ཞབས་ཞུའི་འཛད་སྤྱོད་དང་རྒན་གསོའི་དངུན་བསྐྱིས་བཀོད་སྒྲིག་བྱེད་དགོས། མ་དངུལ་གྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་ནས། གསར་བ་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཤུགས་ཆེན་པོས་ལྕི་མོ་གཉིས་ཀྱི་འཛུགས་སྐྲུན་ལག་བསྟར་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བྱེད་ཐབས་སྣ་མང་སྤྱད་དེ་དཀའ་ཁག་ཡོད་པའི་ཁེ་ལས་ལ་རོགས་སྐྱོར་བྱེད་དགོས། དངུལ་རྩའི་རྒྱབ་སྐྱོར་ལ་ཤུགས་སྣོན་དགོས། ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསར་སྤེལ་བྱས་ཏེ། གསར་དར་སྲོག་ཤིང་ཁེ་ལས་སྐོར་ཞིག་འཛུགས་དགོས། འགག་རྩའི་ལག་རྩལ་འགག་སྒྲོལ་ལ་རྒྱུན་མཐུད་སྒོས་སྐུལ་འདེད་ནུས་ལྡན་བཏང་ནས། བུན་འཛིན་ཁྲོམ་རའི་ཚན་རྩལ་རྣམ་པ་གསར་གཏོད་བྱེད་པ་དང་། མི་ཐབས་རིག་ནུས་ཀྱི་འགུལ་སྐྱོད་མགྱོགས་མྱུར་ངང་ལག་ལེན་ཏུ་བསྟར་དགོས། གཙོ་གནད་ཁེ་ལས་ཀྱི་སྤུས་འདེགས་རིམ་སྤོར་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། ཚད་གཞིའི་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པ་དང་། འགྲན་རྩོད་ཀྱི་སྒྲིག་སྲོལ་ཚད་ལྡན་དུ་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པའི་བྱེད་ཐབས་སྤྱད་དེ་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་པ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་། ཚད་ལྡན་སྒོས་ཁེ་ལས་དང་འབྲེལ་བའི་ཁྲིམས་བསྟར་ཆེད་དོན་འགུལ་སྐྱོད་ནན་མོར་སྤེལ་དགོས། ཞབས་ཞུའི་ལས་རིགས་སྒོ་འབྱེད་ཚོད་ལྟའི་ས་ཚིགས་ཀྱི་སྲིད་ཇུས་ཀྱི་ཤུགས་འདོན་ཚད་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་ཕྱིར་གཏོང་ཞབས་ཞུར་ཤུགས་སྣོན་དགོས། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། ཕྱོགས་མང་རིང་ལུགས་ལ་ཧུར་ཐག་གིས་སྲུང་སྐྱོང་བྱེད་པ་དང་། ཕྱོགས་རྐྱང་བཙན་དབང་བྱེད་ཐབས་ལ་ངོ་རྒོལ་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། ཁུལ་ཁོངས་གཙོ་བོའི་ཉེན་ཁར་ཤུགས་ཆེན་པོས་དོགས་ཟོན་དང་ཐག་གཅོད་བྱེད་དགོས། ས་གནས་སྲིད་གཞུང་གི་བུ་ལོན་སྲིད་ཇུས་རྒྱུན་མཐུད་སྒོས་ལག་བསྟར་བྱེད་པ་དང་། ས་གནས་སྲིད་གཞུང་གིས་ཁེ་ལས་ཀྱི་མ་དངུལ་ཆད་འགྱངས་བྱས་པའི་གནད་དོན་མགྱོགས་མྱུར་ངང་ཐག་གཅོད་དགོས། གྲོང་ཁྱེར་གསར་སྒྱུར་གྱི་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། ཁྲིན་ཀྲུང་སྡེ་བ་དང་ཞིག་རལ་དུ་གྱུར་བའི་ཁང་བ་སྒྱུར་བཀོད་བྱེད་པར་ནུས་ལྡན་དང་རིམ་ལྡན་སྒོས་སྐུལ་འདེད་གཏོང་དགོས། ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མགྱོགས་པོར་བསྐྲུན་པ་དང་། སྤུས་ཀ་ལེགས་པའི་སྡོད་ཁང་འདོན་སྤྲོད་བྱེད་ཚད་ཆེ་རུ་བཏང་ནས། གསོག་ཚད་ཕྱིར་འཚོང་ཁང་བ་ཉོ་བསྡུའི་སྲིད་ཇུས་ལེགས་སྒྱུར་བྱེད་པ་དང་། ས་ཁང་བདག་ཁོངས་ཁྲོམ་རའི་བརྟན་འཇགས་རྣམ་པ་རྒྱུན་མཐུད་སྒོས་སྲ་བརྟན་གཏོང་དགོས། མ་རྩའི་ཁྲོམ་ར་རྒྱུན་མཐུད་ངང་གཏན་འཇགས་དང་གསོན་ཤུགས་ལྡན་པར་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ནུས་ཤུགས་ཡོད་རྒུས་དམངས་ཚིས་འགན་སྲུང་བྱེད་དགོས། སྒོ་ཁྲལ་གྱི་ཤུགས་རྐྱེན་ཐེབས་ཚད་ཅུང་ཆེ་བའི་ཁེ་ལས་ཀྱི་ལས་ཤོར་འགན་བཅོལ་མ་དངུལ་དང་ལས་གནས་གཏན་འཇགས་ཡོང་བའི་བསྡུར་ཚད་ཇེ་མཐོར་གཏོང་དགོས། རིམ་དབྱེ་རིགས་དབྱེའི་སྤྱི་ཚོགས་རྒུད་སྐྱོབ་མ་ལག་འཐུས་ཚང་དུ་འཛུགས་དགོས། ཞིང་ལས་ཐོན་སྐྱེད་ལ་ཤུགས་སྣོན་པ་དང་། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་རིན་གོང་གཏན་འཇགས་ཡོང་བར་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་སྦྲེལ་མཐུད་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་སོགས་ཀྱི་བྱ་བ་སྣ་ཚོགས་མུ་མཐུད་དུ་དམ་འཛིན་ལེགས་པོ་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། ལས་ཞུགས་བརྟན་པོ་དང་དཔལ་འབྱོར་བརྟན་པོའི་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། གཏན་འབེབས་བྱས་པའི་སྲིད་ཇུས་སྔ་ས་ནས་ལག་བསྟར་བྱས་ཏེ་ཕན་འབྲས་ཐོན་པར་བྱེད་པ། གནས་བབ་ཀྱི་འགྱུར་ལྡོག་ལྟར་དུས་ཐོག་ཏུ་འཕར་ཚད་གསོག་ཉར་སྲིད་ཇུས་འདོན་པ་དང་། རྒྱུན་སྲོལ་ལས་བརྒལ་བའི་འཁོར་ཡུན་སྙོམས་སྒྲིག་བྱེད་པར་ཤུགས་བསྣན་ནས། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་གཏན་འཇགས་ཀྱི་རྩ་བ་སྲ་བརྟན་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གིས་དཔལ་འབྱོར་བྱ་བའི་ཕྱོགས་ཡོངས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཏང་ཡོན་ལས་བྱེད་པས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་རང་འགུལ་གྱིས་བྱ་སྤྱོད་སྤེལ་བར་སྐུལ་མ་བཏང་སྟེ། ཡང་དག་པའི་ལས་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་གྱིས་སྤེལ་བ་དང་། སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་བར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད་དགོས།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号