ཨུ་རུ་སིའི་ཙུང་ཐུང་གི་ལས་རོགས་པས་ཕུའུ་ཅིན་དང་ཨ་མེ་རི་ཁའི་ཆེད་མངག་ཕོ་ཉས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཐད་ཀར་གྲོས་མོལ་སླར་གསོ་བྱེད་པར་གྲོས་བསྡུར་བྱས།
ཨུ་རུ་སིའི་ཙུང་ཐུང་གི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཚེས25ཉིན་བསྟན་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་གཉིས་ཀྱིས་ཉིན་དེར་དུས་ཚོད་གསུམ་རིང་གྲོས་མོལ་བྱས་པ་དང་། གྲོས་བསྡུར་བྱས་པའི་གྲོས་གཞི་ལ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཐད་ཀར་གྲོས་མོལ་སླར་གསོ་བྱེད་པ་སོགས་འདུས།
ཝུའུ་ཧྲ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཕུའུ་ཅིན་དང་ཝེ་ཐི་ཁི་ཧྥུའུ་གཉིས་ཀྱི་གྲོས་མོལ་དེར་འཛུགས་སྐྲུན་རང་བཞིན་ལྡན་པ་དང་། ཐེངས་འདིའི་གྲོས་མོལ་ལས་ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ཝུའུ་ཁི་ལན་གྱི་གནད་དོན་དང་བཅས་པའི་གྲོས་གཞི་མང་བོའི་ཐད་ཀྱི་ལངས་ཕྱོགས་མཐུན་པར་བྱས་ཡོད་ཟེར།
ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཁ་གསབ་ཀྱི་ཚུལ་དུ་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁས་མུ་མཐུད་དུ་རིམ་པ་སོ་སོ་ནས་ཕན་འབྲས་ལྡན་པའི་གྲོས་མོལ་བྱེད་རྒྱུ་རེད་ཟེར།
ཁི་ལི་མུའུ་ལིན་ཕོ་བྲང་གིས་དེའི་སྔོན་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་མའོ་སི་ཁོ་ནས་ཝེ་ཐི་ཁི་ཧྥུའུ་དང་གྲོས་མོལ་བྱས། དེ་ནི་ཕུའུ་ཅིན་གྱིས་ད་ལོའི་ཚུན་ལ་ཐེངས་བཞི་བར་ཝེ་ཐི་ཁི་ཧྥུའུ་དང་གྲོས་མོལ་བྱས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注