འདས་པའི་དུས་ཚོད24རིང་དབྱི་སི་རལ་གྱི་དམག་དཔུང་གི་དམག་དོན་འགུལ་སྐྱོད་ལས་ཉུང་མཐར་ཡང་མི78རྐྱེན་ལམ་དུ་ཤོར།
ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས25ཉིན་སྤེལ་བའི་གཞི་གྲངས་ལྟར་ན། འདས་པའི་དུས་ཚོད24རིང་། དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་ཉུང་མཐར་ཡང་མི78རྐྱེན་ལམ་དུ་ཤོར་བ་དང་། མི168ལ་རྨས་ཕོག་ཡོད་ཟེར།
གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ཟླ3པའི་ཚེས18ཉིན་གྱི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ས་ཁུལ་མང་བོ་ནས་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི་སྟོང་གཉིས་དང་རེ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་ལྔ་དང་སུམ་བརྒྱ་དོན་ལྔར་རྨས་ཕོག་ཡོད་ཟེར།
ཅཱ་ཧྲ་ས་ཁུལ་གྱི་དམངས་སྲུང་སྡེ་ཁག་གི་མགྲིན་ཚབ་པ་པཱ་སཱ་ལེ་ཡིས་ཚེས25ཉིན་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་བྱང་ངོས་ཀྱི་ཅཱ་ཧྲ་མཁར་དང་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་སོགས་ས་ཁུལ་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི21རྐྱེན་ལམ་དུ་ཤོར་ཡོད་ཟེར།
དབྱི་སི་རལ་ཕྱོགས་ཀྱིས་མིག་སྔར་ད་རུང་དོན་དག་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注