ཁོང་གོ་ཅིན་དང་རུ་ཝང་ཏཱ་ཡིས་ཞི་བདེ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་རྩ་དོན་བསྒྲགས་གཏམ་བཀོད།
ཁོང་གོ་ཅིན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས25ཉིན་གསལ་སྒྲོག་སྤེལ་ཏེ། ཁོང་གོ་ཅིན་དང་རུ་ཝང་ཏཱ་ཡིས་ཉིན་དེར་ཨ་མེ་རི་ཁའི་ཝ་ཧྲིན་ཐོན་ནས་རྩ་དོན་བསྒྲགས་གཏམ་བཀོད་དེ། ཁོང་གོ་ཅིན་ཤར་ཕྱོགས་དང་ཨ་ཧྥེ་རི་ཁ་གླིང་གི་མཚོ་ཆེན་ས་ཁུལ་གྱི་ཞི་བདེ་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། ཁོང་གོ་ཅིན་དང་རུ་ཝང་ཏཱ་ཡིས་ཕན་ཚུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་རྒྱུ་དང་། ཞི་བའི་ཐབས་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱས་ཏེ། ཡུལ་འཁྱམས་བྱེད་མཁན་དག་རང་འགུལ་དང་བདེ་འཇགས་ངང་ཕྱིར་ཕ་ཡུལ་དུ་ལོག་པར་སྐུལ་འདེད་གཏོང་རྒྱུ་མ་ཟད། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་སྒྲོམ་གཞི་འཛུགས་རྒྱུ་ཁྱབ་བསྒྲགས་བྱས།
རྩ་དོན་བསྒྲགས་གཏམ་ལྟར་ན། རྒྱལ་ཁབ་གཉིས་ཀྱིས་ཟླ5བའི་ཚེས2ཉིན་གྱི་སྔོན་ལ་ཞི་བདེའི་གྲོས་མཐུན་འཆར་ཟིན་གཏན་འབེབས་བྱེད་རྒྱུ་ཁས་ལེན་བྱས་ཡོད།
ཉེ་སྔོན་ཁོང་གོ་ཅིན་གྱི་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཅི་ཝུའུ་བྱང་མ་ཞིང་ཆེན་དང་ཅི་ཝུའུ་ལྷོ་མ་ཞིང་ཆེན་སོགས་ས་ཁུལ་དུ་དཔུང་འཇུག་བྱེད་བཞིན་ཡོད་ལ། འཁྲུག་རྩོད་ལས་མི་སེར་དཀྱུས་མ་མང་བོར་ཤི་རྨས་ཐེབས་པ་དང་ཡུལ་འཁྱམས་བྱེད་བཞིན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注