ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས།
ཟླ4པའི་ཚེས25ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུས་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཀུའེ་ཀྲོའུ་དང་ཡུན་ནན་ལ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་བྱས་ནས་གོ་བ་བླངས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། དམིགས་བསལ་ལྟ་བ་དང་ཁ་གསབ་ཀྱི་སེམས་ཁམས་མཐའ་གཅིག་ཏུ་མེད་པར་གཏོང་བ་དང་། ཏན་ཏིག་གིས་བྱ་བ་སྒྲུབ་པ་དང་འབད་བརྩོན་བྱས་ནས་བྱ་བ་སྒྲུབ་པ། སྤྱོད་གཙང་གིས་བྱ་བ་སྒྲུབ་པ་བཅས་བརྗོད་དོན་བྱས་ནས་བརྗེ་རེས་བགྲོ་གླེང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་དང་། མགོན་པོ་བཀྲ་ཤིས། ལིའུ་ཆི་ཧྥན་བཅས་ཚོགས་འདུར་ཞུགས།
ཚོགས་འདུའི་སྟེང་། ཝང་ཝེ་ཏུང་དང་། ཀྲའོ་ཡུའེ་ཞཱ། ལོའུ་ཀང་། ལིའུ་ཁྲའོ། ལིས་ཧུང་ཡཱ། ཝང་ཀྲིན་ཁྲང་། ཀྲང་ཙི་ཅུན་སོགས་ལྟེ་གནས་ཚན་ཆུང་གི་ཁོངས་མིས་བརྗོད་དོན་ལ་དམིགས་ནས་སྔ་རྗེས་སུ་གཏམ་བཤད་པ་དང་། ལྟེ་གནས་ཚན་ཆུང་གི་ཁོངས་མི་གཞན་དག་གིས་ཡིག་ཐོག་གཏམ་བཤད་རྒྱུ་ཆ་སྤྲད།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། དམིགས་བསལ་ལྟ་བ་དང་ཁ་གསབ་ཀྱི་སེམས་ཁམས་ནི་རྩ་བའི་ཆ་ནས་ཏང་གཤིས་ཀྱི་ཞན་ཆ་དང་། བསམ་བློའི་ཞན་ཆ། སྒེར་སེམས་ཆེ་བ། དབང་ཆ་གང་འདོད་དུ་སྤྱོད་པ་བཅས་ཡིན་པས། ཏང་གི་དགོངས་པ་དང་རྒྱབ་འགལ་དུ་སོང་བ་ཞིག་དང་། མི་དམངས་ཀྱི་རེ་འདུན་དང་ལྡོག་ཕྱོགས་སུ་བསྐྱོད་པ་ཞིག་ཡིན་ཕྱིར། ཏང་ཡོན་དཔུང་སྡེའི་སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་ལ་ཤུགས་རྐྱེན་ངན་པ་ཐེབས་པ་དང་། ཏང་གི་ཚེ་སྲོག་ནུས་པ་དང་འཐབ་རྩོད་ནུས་པར་གྱོང་གུན་ཐེབས་ལ། སྤྱོད་ངན་བཞི་དང་རུལ་སུངས་གནད་དོན་འབྱུང་ངེས་ཡིན་སྟབས། ཆབ་སྲིད་ཀྱི་གནོད་འཚེའི་རང་བཞིན་ཆེན་པོ་ལྡན། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ཡིད་ལ་དམ་པོར་འཛིན་པ་དང་། སློབ་སྦྱོང་སློབ་གསོ་སྤེལ་བའི་བརྒྱུད་རིམ་དེ་ཏང་གཤིས་བྱང་ཚད་ཇེ་མཐོར་གཏོང་བ་དང་སྤྱོད་ཚུལ་ཕན་ནུས་མཐོར་འདེགས་གཏོང་བའི་བརྒྱུད་རིམ་ལ་ཚུལ་སྒྱུར་བྱས་ཏེ། རང་དཔེ་གཞན་སྟོན་དང་མཐུན་སྒྲིལ་གཅིག་གྱུར་བྱེད་པ་དང་། སྤྱོད་གཙང་སྲོལ་ཡག་གི་ཆབ་སྲིད་སྐྱེ་ཁམས་ཤིག་རྒྱུན་ཆད་མེད་པར་བསྐྲུན་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། དམིགས་བསལ་ལྟ་བ་དང་ཁ་གསབ་ཀྱི་སེམས་ཁམས་མེད་པར་གཏོང་བའི་སྔོན་འགྲོ་ནི་བསམ་བློ་ཡིན་པ་དང་། རྩ་བ་ནི་ཏང་གཤིས་ཡིན་ལ། གཙོ་བོ་ལྟ་སྐུལ་དོ་དམ་དང་འགག་རྩ་ནི་འགན་འཁྲི་ཡིན་ཞིང་། གནད་འགག་དེ་ཁྲིམས་གཅོད་ཡིན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་གོ་བ་དཔྱིས་ཕྱིན་པ་ལེན་པ་དང་། གྲོས་གཞི་དང་པོའི་སློབ་སྦྱོང་ལམ་ལུགས་ཟབ་སྤེལ་བྱས་ཏེ། རྩ་བའི་ཆ་ནས་ནོར་འཁྲུལ་གསལ་བོར་ཤེས་པ་དང་བསམ་བློའི་འགོག་ཐིག་དམ་པོར་བཟོ་དགོས། ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དེ་ཆེས་མཐོའི་འཚོལ་སྙེག་བྱེད་པ་དང་། ཏང་གཤིས་སྐྱེད་སྲིང་བྱེད་རྒྱུ་དེ་མི་ཚེ་གཅིག་གི་བྱ་བ་གཙོ་བོར་བརྩིས་ཏེ། དུས་རྟག་ཏུ་ཏང་གཤིས་ལ་བརྟེན་ནས་ནོར་འཁྲུལ་ཡོ་བསྲང་དང་སྤྱོད་གཙང་སྲོལ་ནན་དུ་གཏོང་བ་དང་། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་རྒྱུན་ཆད་མེད་པར་གསལ་བོར་མངོན་པར་བྱེད་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་དོ་དམ་ཞིབ་ཕྲ་ཅན་དང་། གནད་འཁེལ་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་གཏོང་བ་དང་། ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་དང་སྐོར་གཟིགས་སྐོར་ཞིབ། རྩིས་བཤེར་དོ་དམ་བཅས་ལ་ཤུགས་བསྣན་ནས། དབང་ཆ་དེ་ལམ་ལུགས་ཀྱི་གཟེབ་ཏུ་འཇུག་དགོས། འགན་འཁྲི་གཙོ་བོ་དམ་འཛིན་བྱེད་པ་དང་། སྒྲིག་ཨུའི་ལྟ་སྐུལ་དོ་དམ་འགན་འཁྲིར་ཤུགས་བསྣན་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་འགན་འཁྲི་ཤེས་པ་དང་། འགན་འཁྲི་ཁུར་བ། འགན་འཁྲི་ལག་བསྟར་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས། དབང་ཆ་གཅིག་སྡུད་དང་། མ་དངུལ་གཅིག་བསྡུ། ཐོན་ཁུངས་གཅིག་འདུས་བཅས་ཁྱབ་ཁོངས་ཀྱི་རུལ་སུངས་དག་ཐེར་ལེགས་བཅོས་ཟབ་མོ་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་ལ་མཐའ་གཅིག་ཏུ་ཐག་གཅོད་བྱས་ཏེ། སྤྱོད་ངན་བཞི་དང་རུལ་སུངས་རྒྱབ་ལོགས་ཀྱི་ཁྱད་དབང་གནད་དོན་སྔོག་འདོན་ཟབ་མོ་བྱེད་པ་དང་། ཁྱད་དབང་བསམ་བློ་དང་ཁྱད་དབང་བྱ་སྤྱོད་སྤེལ་བའི་བར་སྟོང་མེད་པར་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བརྩིས་ནས། འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། སློབ་གསོ་ལེགས་པོར་སྤེལ་བ། ཏན་ཏིག་གིས་བྱ་བ་སྒྲུབ་པ་དང་འབད་བརྩོན་གྱིས་བྱ་བ་སྒྲུབ་པ། སྤྱོད་གཙང་གིས་བྱ་བ་སྒྲུབ་པ་བཅས་ཀྱི་ཐད་ཞུམ་མེད་སྔོན་བརྩོན་བྱེད་པ་དང་། ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་སྔར་ལས་ཆེ་རུ་བསྐྱེད་དེ། སྤྱོད་ཚུལ་བསྒྱུར་བའི་ཁྲོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་བདེ་བླག་ངང་མཇུག་སྒྲིལ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་བྱེད་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།
ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་ཁོངས་མི་དང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་བཅས་ཀྱི་འགན་ཁུར་བློ་མཐུན་དང་། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་སྨྱན་བྱད་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注