དབྱི་སི་ཐན་པོར་གྱི་ཧྲི་ཀྲང་གི་ལས་འགན་བླངས།

ཐུར་ཁེའི་ནང་སྲིད་པུའུ་ཡིས་ཚེས23ཉིན་གསལ་སྒྲོག་སྤེལ་ཏེ་ཁྱབ་བསྒྲགས་བྱས་དོན། དབྱི་སི་ཐན་པོར་གྲོང་ཁྱེར་གྱི་ཧྲི་ཀྲང་དབྱེ་མཱ་མུའུ་ཨོ་ལུའུ་ཡི་ལས་འགན་བླངས་ཡོད་ཟེར།

ཚེས23ཉིན་གྱི་སྔ་དྲོར། དབྱེ་མཱ་མུའུ་ཨོ་ལུའུ་རུལ་སུངས་སྐྱོན་འཛུགས་དབང་གིས་བཀག་སྐྱིལ་བྱས་ནས་འདྲི་གཅོད་བྱས། ཐུར་ཁེའི་ནང་སྲིད་པུའུ་ཡིས་གསལ་སྒྲོག་ལས་བཤད་རྒྱུར། ཐུར་ཁེའི་རྩ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ན། ཁོས་མུ་མཐུད་དུ་ཧྲི་ཀྲང་གི་ལས་འགན་ཁུར་ཐབ་མེད་པ་དང་། དབྱེ་མཱ་མུའུ་ཨོ་ལུའུ་ལས་གཞན་དབྱི་སི་ཐན་པོར་གྱི་ས་ཁུལ་གཉིས་ཀྱི་མགོ་བའི་ལས་འགན་ཀྱང་བླངས་ཡོད། ཁོ་ཚོ་གསུམ་པོ་ཐུར་ཁེའི་ཆེས་ཆེ་བའི་ངོརྒོལ་ཏང་སྤྱི་མཐུན་མི་དམངས་ཏང་གི་ཁོངས་སུ་གཏོགས་པ་རེད་ཟེར།

སྤྱི་མཐུན་མི་དམངས་ཏང་གིས་ཚེས23ཉིན་རྒྱབ་སྐྱོར་མཁན་དག་ཉིན་དེའི་དགོང་མོའི་དུས་ཚོད་བརྒྱད་སྟེང་དབྱི་སི་ཐན་པོར་གྲོང་སྲིད་ཐིན་དུ་སོང་ནས་ངོ་རྒོལ་བྱ་འགུལ་ལ་ཞུགས་དགོས་པའི་འབོད་སྐུལ་བཏང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号