ཙེ་ལིན་སི་ཅི་ཡིས་ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པའི་སོ་ཏི་ཨ་རབ་ཀྱི་གྲོས་མོལ་ལ་ལེགས་འགྲུབ་བྱུང་བའི་ཚུལ་བསྟན།
ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཚེས23ཉིན་གྱི་དགོང་མོར་བརྙན་རིས་གཏམ་བཤད་སྤེལ་སྐབས་བསྟན་དོན། ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་ཉིན་དེར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་གྲོས་མོལ་བྱས་པར་ལེགས་འགྲུབ་ཆེན་པོ་བྱུང་ཡོད་ཟེར། ཁོས་ད་རུང་ཕྱོགས་སོ་སོས་མུ་མཐུད་དུ་ཨུ་རུ་སིར་གནོན་ཤུགས་བྱིན་ནས་ཨུ་རུ་སིའི་ཕྱོགས་ཀྱིས་ངེས་པ་དོན་གྱི་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། དམག་ཕྱོགས་དང་ཕྱི་འབྲེལ་དཔོན། ནུས་ཁུངས་དཔོན་རིགས་བཅས་ཀྱིས་གྲུབ་པའི་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་ལེ་ཡཱ་ཏི་ནས་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པ་དང་མཉམ་དུ་འཁྲུག་རྩོད་མཚམས་འཇོག་པའི་ལག་རྩལ་གནད་དོན་ཐད་ནས་སྐོར་ཐེངས་གཉིས་པའི་གྲོས་མོལ་སྤེལ་བ་དང་། ཝུའུ་ཁི་ལན་གྱི་རྒྱལ་སྲུང་བློན་ཆེན་ཝུའུ་མཱེ་ལོ་ཧྥུའུ་གྲོས་མོལ་ལ་ཞུགས་པར་མ་ཟད་ཁོས་ཉིན་དེའི་གྲོས་མོལ་གྱི་གནས་ཚུལ་སྙན་ཞུ་བྱས། ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པའི་བྱ་བར་འཛུགས་སྐྲུན་རང་བཞིན་ལྡན་པ་དང་། ཨ་མེ་རི་ཁའི་བར་གྱི་གྲོས་མོལ་ལ་ཕན་འབྲས་ལྡན། ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་མུ་མཐུད་དུ་བྱ་བ་སྤེལ་བཞིན་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཨུ་རུ་སི་ནི་འཁྲུག་རྩོད་ཀྱི་ཡུན་ཇེ་རིང་དུ་གཏོང་བའི་ཕྱོགས་ཁག་གཅིག་པུ་ཡིན་པ་དང་། ཕྱོགས་སོ་སོས་ཨུ་རུ་སིར་གནོན་ཤུགས་སྟེར་དགོས། དེ་ལྟ་མིན་ཚེ་ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་འཁྲུག་རྩོད་མཚམས་འཇོག་པའི་ཕྱི་འབྲེལ་གྱི་བྱ་བར་སྣང་ཆུང་བྱེད་སྲིད་ཟེར། ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ང་ཚོ་དང་གྲོགས་པོ་དག་གིས་ཅི་ཞིག་ལ་གྲོས་བསྡུར་བྱེད་ཀྱང་། ང་ཚོས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་གནོན་ཤུགས་བྱིན་ནས། ཁོས་འཇབ་རྒོལ་མཚམས་འཇོག་པའི་བཀའ་རྒྱ་དངོས་སུ་གཏོང་བར་སྐུལ་མ་གཏོང་དགོས་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注