ཝུའུ་ཁི་ལན་དང་ཨ་མེ་རི་ཁས་ནུས་ཁུངས་སོགས་གནད་འགག་གི་གནས་དོན་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱས།

ཝུའུ་ཁི་ལན་གྱི་རྒྱལ་སྲུང་བློན་ཆེན་ཝུའུ་མཱེ་ལོ་ཧྥུའུ་ཡིས་ཚེས23ཉིན་གྱི་དགོང་མོར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་ཉིན་དེར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་སྤེལ་བའི་གྲོས་མོལ་མཇུག་སྒྲིལ་བ་དང་། ཕྱོགས་གཉིས་ཀྱིས་ནུས་ཁུངས་སོགས་གནད་འགག་གི་གནད་དོན་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་ཞིང་དོན་སྙིང་ཡོད་པའི་གྲོས་བསྡུར་བྱས་ཡོད་ཟེར།

ཝུའུ་མཱེ་ལོ་ཧྥུའུ་ཡིས་བསྟན་དོན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་བགོས་པའི་ལས་འགན་ནི་ཝུའུ་ཁི་ལན་དང་ཝུའུ་ཁི་ལན་གྱི་མི་དམངས། ཐ་ན་ཡོ་རོབ་གླིང་ཧྲིལ་བོའི་ཆེད་དུ་ཡུན་རིང་གི་ཞི་བདེ་བརྩོན་ལེན་བྱེད་དགོས་ལ། ང་ཚོས་ལས་འགན་དེ་མངོན་འགྱུར་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་ཟེར།

ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཉིན་དེའི་གྲོས་མོལ་ལ་ཞུགས་པའི་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པའི་ཁོངས་མིར་ཝུའུ་མཱེ་ལོ་ཧྥུའུ་དང་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཕཱ་ལེ་ཀྲ་དང་ནོའུ་ཧྥུའུ་ཁི་ཝ། ཕྱི་འབྲེལ་པུའུ་ཡི་རྒྱལ་སྲིད་དྲུང་ཡིག་ཁཱ་ལཱ་ཞེ་ཝེ་ཆི། ནུས་ཁུངས་པུའུ་ཡི་པུའུ་ཀྲང་གཞོན་པ་ཁི་ལོས་སི་ནེ་ཁི་སོགས་འདུས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号