ཧྥ་རན་སི་ཡིས་དབྱི་སི་རལ་དང་ལེ་པཱ་ནུན་ཕྱོགས་གཉིས་ཀྱིས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་།
ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས22ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དང་ལེ་པཱ་ནུན་གྱིས་རང་ཚོད་བཟུང་སྟེ། ས་ཁུལ་གྱི་ཛ་དྲག་གི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན།
གསལ་སྒྲོག་ལས་བཤད་རྒྱུར། ཧྥ་རན་སི་ཡིས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་གནས་བབ་ཡང་བསྐྱར་ཛ་དྲག་ཏུ་གྱུར་བར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན། ཧྥ་རན་སི་ཡིས་ལེ་པཱ་ནུན་གྱིས་དབྱི་སི་རལ་དུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་པར་རྒོལ་གཏམ་བཏང་བ་དང་། དེའི་ཞོར་དུ་དབྱི་སི་རལ་གྱིས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་། ཧྥ་རན་སི་ཡིས་ཕྱོགས་ཁག་སོ་སོས2024ལོའི་ཟླ11པར་བཀོད་པའི་ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱས་ནས། གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། གནས་བབ་ཛ་དྲག་ཏུ་སོང་ན་ལེ་པཱ་ནུན་དང་དབྱི་སི་རལ། ས་ཁུལ་ཧྲིལ་བོའི་བདེ་འཇགས་བཅས་ལ་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་ཟེར།
ཧྥ་རན་སི་ཡིས་བསྐྱར་སྒྲོག་བྱས་དོན། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ནས་ཟླ་ངོ་འགའི་རིང་བླངས་པའི་གྲུབ་འབྲས་ལ་གནོད་སྐྱེལ་མི་རུང་བ་དང་། དབྱི་སི་རལ་དང་ལེ་པཱ་ནུན་གྱི་གནས་སྐབས་རྒྱལ་མཚམས་ཕྱོགས་གཉིས་ཀྱི་དབྱི་སི་རལ་གྱི་མི་དང་ལེ་པཱ་ནུན་གྱི་མིའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注