དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁའི་བར་གྱི་བརྒྱུད་པའི་གྲོས་མོལ་རྒྱུ་ལམ་བཀག་མེད་ཡིན་པའི་ཚུལ་བསྟན།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས24ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་བསྐྱར་སྒྲོག་བྱས་དོན། དབྱི་ལིང་དང་ཨ་མེ་རི་ཁའི་བརྒྱུད་པའི་གྲོས་མོལ་རྒྱུ་ལམ་བཀག་མེད་ཡིན་ཡང་། ཨ་མེ་རི་ཁའི་སྲིད་གཞུང་གིས་དབྱི་ལིང་ལ་བཟུང་བའི་སྲིད་ཇུས་ལེགས་སྒྲིག་མ་བྱས་ན། དབྱི་ལིང་གིས་ཨ་མེ་རི་ཁའི་བར་ཐད་ཀར་གྲོས་མོལ་བྱེད་འདོད་མེད་ཟེར།
ཨ་ལཱ་ཀི་ཆི་ཡིས་ཉིན་དེར་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་བསྡུས་པའི་ཟླ་གསར་དམར་པོའི་གྲོས་ཚོགས་སྐབས་སུ་གསར་འགོད་པར་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལིང་ལ་ཐལ་དྲགས་པའི་གནོན་ཤུགས་སྟེར་བའི་སྲིད་ཇུས་ལག་བསྟར་བྱས་ཏེ་ཡང་དང་བསྐྱར་དུ་འཇིགས་ཉེན་བཟོ་བཞིན་ཡོད་ལ། དེ་ལས་དབྱི་ལིང་གིས་ཨ་མེ་རི་ཁས་བཟུང་བའི་རྣམ་འགྱུར་ལ་རྩ་བའི་འགྱུར་ལྡོག་མ་བྱུང་གོང་ཨ་མེ་རི་ཁའི་བར་ཐད་ཀར་གྲོས་མོལ་བྱེད་མི་སྲིད་ཟེར།
གཞན་ཡང་དབྱི་ལིང་འཕྲིན་གཏོང་ཁང་གིས་ཚེས23ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱི་མགྲིན་ཚབ་པ་ཁཱ་མེད་ལེ་ཝན་ཏིས་ཀྱིས་བསྟན་དོན། གལ་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱོགས་ཡོངས་འགུལ་སྐྱོད་འཆར་གཞིའི་ཕྱོགས་ཁག་གཞན་པ་ཚང་མས་དབྱི་ལིང་གི་ཁེ་ཕན་ལ་བརྩི་འཇོག་བྱེད་ན། དབྱི་ལིང་གིས་རང་ཉིད་ཀྱི་གྲོས་མཐུན་དེའི་ཁྲོད་ཀྱི་དམ་བཅའ་སླར་གསོ་བྱེད་འདོད་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注