གསར་འགྱུར་སྒྲོག་སྤེལ་བྱེད་སྐབས་མི་གཞན་གྱི་འདྲ་པར་ལུགས་མཐུན་གྱིས་བེད་སྤྱོད་བྱས་ཆོག་གམ།
རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1020པའི་ཚན་པ2པའི་གཏན་འཁེལ་ལྟར་ན། “གསར་འགྱུར་སྒྲོག་སྤེལ་ལག་བསྟར་བྱ་ཆེད། འདྲ་པར་དབང་མཁན་གྱི་འདྲ་པར་བཟོ་བ་དང་བེད་སྤྱོད། ཡོངས་བསྒྲགས་བཅས་བྱེད་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་ཞིང་། དེར་འདྲ་པར་དབང་མཁན་གྱི་མོས་མཐུན་མ་ཐོབ་ན་ཆོག”ཅེས་བཀོད་ཡོད།གསར་འགྱུར་སྨྱན་སྦྱོར་གྱིས་གསར་འགྱུར་གནས་ཚུལ་སྤེལ་བ་དེ་སྤྱིའི་ཁེ་ཕན་དང་འབྲེལ་བ་ཡོད་པས་རྒྱུན་དུ་གནས་ཚུལ་སྤེལ་བ་དང་འབྲེལ་བ་ཡོད་པའི་དོ་བདག་པའི་འདྲ་པར་སྤྱད་དགོས། དོན་རྐྱེན་མང་པོ་ཞིག་ནི་ཡུལ་དངོས་སུ་པར་བླངས་ནས་གནས་ཚུལ་སྤེལ་བ་ཡིན། གལ་ཏེ་འདྲ་པར་བེད་སྤྱོད་མ་ཐུབ་ན་གསར་འགྱུར་གནས་ཚུལ་སྤེལ་ཐབས་བྲལ། གསར་འགྱུར་སྒྲོག་སྤེལ་གྱིས་སྤྱིར་བཏང་དུ་དོ་བདག་པའི་མི་གཞི་ཁེ་ཕན་ལ་གནོད་འཚེ་མི་བཟོ་བ་དང་། མི་གཞི་ལ་རྒྱ་ཡང་དེའི་རྐྱེན་གྱིས་དམའ་འབེབས་མི་ཐེབས། གོང་གསལ་གྱི་གཏན་འཁེལ་ལྟར་ན། གསར་འགྱུར་སྨྱན་སྦྱོར་གྱིས་གསར་འགྱུར་སྒྲོག་སྤེལ་ལག་བསྟར་བྱེད་སྐབས། “གཡོལ་ཐབས་མེད་པའི”གནས་ཚུལ་འོག འདྲ་པར་དབང་མཁན་གྱི་མོས་མཐུན་མ་ཐོབ་པར་འདྲ་པར་བཟོ་བ་དང་བེད་སྤྱོད། ཡོངས་བསྒྲགས་བཅས་བྱས་ཆོག དཔེར་ན། བརྙན་འཕྲིན་ཁང་གིས་སྤྱི་ཚོགས་ཀྱི་གློ་བུར་དོན་རྐྱེན་གྱི་གནས་ཚུལ་དངོས་ཐད་གཏོང་བྱེད་སྐབས། བརྙན་འཕྲིན་ནང་གི་མི་སྣའི་འདྲ་པར་བཟོ་བ་དང་བེད་སྤྱོད། ཡོངས་བསྒྲགས་བཅས་བྱེད་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། ཡང་དཔེར་ན། བརྙན་འཕྲིན་ཁང་གིས་དོགས་ཡོད་ཉེས་ཅན་ཞིག་ངོས་འཛིན་བྱས་པའི་འདྲ་རིས་གསར་འགྱུར་ནང་བསྟན་པ་དང་། དོགས་ཡོད་ཉེས་ཅན་ངོ་མ་མིན་པ་ཤེས་པའི་གནས་ཚུལ་འོག ཐག་གཅོད་མ་བྱས་པར་དེའི་འདྲ་པར་བསྟན་པ་དེ་ལུགས་མཐུན་གྱི་བཀོལ་སྤྱོད་དུ་མི་གྲུབ།
རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1020པའི་ཚན་པ2པའི་གཏན་འཁེལ་ལྟར་ན། “གསར་འགྱུར་སྒྲོག་སྤེལ་ལག་བསྟར་བྱ་ཆེད། འདྲ་པར་དབང་མཁན་གྱི་འདྲ་པར་བཟོ་བ་དང་བེད་སྤྱོད། ཡོངས་བསྒྲགས་བཅས་བྱེད་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་ཞིང་། དེར་འདྲ་པར་དབང་མཁན་གྱི་མོས་མཐུན་མ་ཐོབ་ན་ཆོག”ཅེས་བཀོད་ཡོད།
གསར་འགྱུར་སྨྱན་སྦྱོར་གྱིས་གསར་འགྱུར་གནས་ཚུལ་སྤེལ་བ་དེ་སྤྱིའི་ཁེ་ཕན་དང་འབྲེལ་བ་ཡོད་པས་རྒྱུན་དུ་གནས་ཚུལ་སྤེལ་བ་དང་འབྲེལ་བ་ཡོད་པའི་དོ་བདག་པའི་འདྲ་པར་སྤྱད་དགོས། དོན་རྐྱེན་མང་པོ་ཞིག་ནི་ཡུལ་དངོས་སུ་པར་བླངས་ནས་གནས་ཚུལ་སྤེལ་བ་ཡིན། གལ་ཏེ་འདྲ་པར་བེད་སྤྱོད་མ་ཐུབ་ན་གསར་འགྱུར་གནས་ཚུལ་སྤེལ་ཐབས་བྲལ། གསར་འགྱུར་སྒྲོག་སྤེལ་གྱིས་སྤྱིར་བཏང་དུ་དོ་བདག་པའི་མི་གཞི་ཁེ་ཕན་ལ་གནོད་འཚེ་མི་བཟོ་བ་དང་། མི་གཞི་ལ་རྒྱ་ཡང་དེའི་རྐྱེན་གྱིས་དམའ་འབེབས་མི་ཐེབས། གོང་གསལ་གྱི་གཏན་འཁེལ་ལྟར་ན། གསར་འགྱུར་སྨྱན་སྦྱོར་གྱིས་གསར་འགྱུར་སྒྲོག་སྤེལ་ལག་བསྟར་བྱེད་སྐབས། “གཡོལ་ཐབས་མེད་པའི”གནས་ཚུལ་འོག འདྲ་པར་དབང་མཁན་གྱི་མོས་མཐུན་མ་ཐོབ་པར་འདྲ་པར་བཟོ་བ་དང་བེད་སྤྱོད། ཡོངས་བསྒྲགས་བཅས་བྱས་ཆོག དཔེར་ན། བརྙན་འཕྲིན་ཁང་གིས་སྤྱི་ཚོགས་ཀྱི་གློ་བུར་དོན་རྐྱེན་གྱི་གནས་ཚུལ་དངོས་ཐད་གཏོང་བྱེད་སྐབས། བརྙན་འཕྲིན་ནང་གི་མི་སྣའི་འདྲ་པར་བཟོ་བ་དང་བེད་སྤྱོད། ཡོངས་བསྒྲགས་བཅས་བྱེད་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། ཡང་དཔེར་ན། བརྙན་འཕྲིན་ཁང་གིས་དོགས་ཡོད་ཉེས་ཅན་ཞིག་ངོས་འཛིན་བྱས་པའི་འདྲ་རིས་གསར་འགྱུར་ནང་བསྟན་པ་དང་། དོགས་ཡོད་ཉེས་ཅན་ངོ་མ་མིན་པ་ཤེས་པའི་གནས་ཚུལ་འོག ཐག་གཅོད་མ་བྱས་པར་དེའི་འདྲ་པར་བསྟན་པ་དེ་ལུགས་མཐུན་གྱི་བཀོལ་སྤྱོད་དུ་མི་གྲུབ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注