ཏེན་ཞུའོ་ཞང་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2025ལོའི་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའོ་ཞང་ཚེས27ཉིན་གྱི་སྔ་དྲོར་ཧའེ་ནན་པའོ་ཨོ་རུ་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2025ལོའི་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

ཏེན་ཞུའོ་ཞང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་གྲོས་མགོ་བཏོན་ནས་ལོ10འཁོར་བ་ཡིན་ལ། ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་འོག ཨེ་ཤ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ཐད་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ནས་འཛམ་གླིང་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། མིག་སྔར། གོ་ལ་ཧྲིལ་བོར་བརྟན་འཇགས་མིན་པ་དང་གཏན་འཁེལ་རང་བཞིན་མིན་པའི་རྒྱུ་རྐྱེན་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་པས། ང་ཚོས་སེམས་ཤུགས་གཅིག་སྒྲིལ་དང་ལག་རྡང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་བོའི་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་གཅོག་པ། ཨེ་ཤ་ཡའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་པ། ཨེ་ཤ་ཡ་དང་འཛམ་གླིང་གི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་སྐྲུན་བྱེད་དགོས།

ཏེན་ཞུའོ་ཞང་གིས་གྲོས་མགོ་བཞི་བཏོན་པ་སྟེ། གཅིག་ནི་ཡིད་ཆེས་ཇེ་བརྟན་དུ་གཏོང་བའི་ཁྲོད་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱས་ནས་གོ་ལ་ཧྲིལ་བོའི་བཅོས་སྐྱོང་དེ་སྔར་ལས་དྲང་བདེན་དང་ལུགས་མཐུན་གྱི་ཁ་ཕྱོགས་བརྒྱུད་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དགོས། གཉིས་ནི་སྒོ་འབྱེད་མཉམ་འདྲེས་ཁྲོད་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་བཏང་ནས་ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས། གསུམ་ནི་གཉིས་ཕན་མཉམ་རྒྱལ་ཁྲོད་དར་རྒྱས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་མགོ་དོན་འཁྱོལ་ཡག་པོ་བྱེད་དགོས། བཞི་ནི་ཞི་བདེ་མཉམ་གནས་ཁྲོད་བདེ་འཇགས་བརྟན་འཇགས་ལ་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་སོ་སོས་བདེ་འཇགས་མཉམ་སྤྱོད་བྱེད་པའི་རྣམ་པ་གསར་པ་བསྐྲུན་དགོས།

ཏེན་ཞུའོ་ཞང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་སླར་གསོ་ཇེ་ལེགས་སུ་འགྲོ་བའི་རྣམ་པ་སྔར་ལས་སྲ་བརྟན་དུ་ཕྱིན་པ་དང་། གསར་སྐྲུན་འཕེལ་རྒྱས་འགུལ་ནུས་སྔར་ལས་ཤུགས་ཆེན་དུ་ཕྱིན་ལ། ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་སྒྱུར་བྱུང་ཡོད་པས། ང་ཚོར་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་པར་མ་ཟད། འཛམ་གླིང་དཔལ་འབྱོར་ཐད་སྔར་ལས་མང་པོའི་གཏན་འཁེལ་རང་བཞིན་ཁ་སྣོན་ཐུབ་ངེས་ཡིན། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྲུང་གོར་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཧུར་ཐག་གིས་ཞུགས་ནས། ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པར་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུ་བཞིན་ཡོད།

མགོ་རྩོམ་མཛད་སྒོའི་སྟེང་། པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལས་འཛིན་མགོ་གཙོ་ཕན་ཅི་ཝུན་གྱིས་དགའ་བསུའི་ཤིས་ཚིག་ཕུལ། ལའོ་ཝའོ་ཡི་ཙུང་ལི་སུང་སའེ་དང་། བྷང་ག་ལ་རྒྱལ་ཁབ་ཀྱི་གནས་སྐབས་སྲིད་གཞུང་གི་དབུ་བཞུགས་བློ་འདྲི་བ་ཡུག་ནུའུ་སི་དང་བཟོ་ཚོང་ལས་རིགས་ཀྱི་འཐུས་ཚབ་མི་སྣས་སྔ་རྗེས་སུ་ཤིས་ཚིག་ཕུལ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ཧིག་ཧྭ་མགོ་རྩོམ་མཛད་སྒོར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号