ཏེན་ཞུའེ་ཞང་གིས་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལས་འཛིན་དང་སྒྲིག་གཞིའི་ལས་འཛིན་ཁེ་ལས་ཀྱི་འཐུས་མིར་མཇལ་འཕྲད་གནང་བར་མ་ཟད་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་བྱས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚེས27ཉིན་ཧའེ་ནན་པོ་ཨའོ་རུ་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལས་འཛིན་དང་སྒྲིག་གཞིའི་ལས་འཛིན་ཁེ་ལས་ཀྱི་འཐུས་མིར་མཇལ་འཕྲད་གནང་བར་མ་ཟད་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་བྱས།
གླེང་སྟེགས་ཀྱི་ལས་འཛིན་དང་སྒྲིག་གཞིའི་ལས་འཛིན་ཁེ་ལས་ཀྱི་འཐུས་མིར་མཇལ་འཕྲད་གནང་སྐབས་ཏེན་ཞུའེ་ཞང་གིས་བསྟན་དོན། དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་ཕྱིན་པ་དང་། འཕར་སྣོན་མྱུར་ཚད་ཇེ་དལ་དུ་སོང་བ་དང་འཕེལ་རྒྱས་དོ་སྙོམས་མེད་པ། བཅོས་སྐྱོང་གོ་རིམ་མེད་པ་སོགས་ཀྱི་གནད་དོན་མངོན་གསལ་དུ་ཕྱིན་ཡོད་ལ། དུས་སྐབས་འདི་འདྲར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་བསྐྱར་དྲན་བྱེད་པའི་དོན་སྙིང་གལ་ཆེན་སྔར་ལས་མངོན་གསལ་དུ་ཕྱིན་ཡོད། ང་ཚོས་ལག་རྡང་སྦྲེལ་ནས་ཕྱོགས་མང་རིང་ལུགས་ངོ་མ་སྲུང་སྐྱོང་དང་། ཀུན་ཕན་དཀྱེད་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མཉམ་དུ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་གཅོག་པ། རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བཅས་བྱ་དགོས། ཀྲུང་གོ་སྲིད་གཞུང་གིས་སྔར་བཞིན་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། གླེང་སྟེགས་ཀྱིས་གོ་ལ་ཧྲིལ་པོར་ཐེབས་པའི་ཤུགས་རྐྱེན་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ནས། ས་ཁུལ་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་དར་རྒྱས་འཕེལ་རྒྱས་ཡོང་བར་དྲང་ཕྱོགས་ཀྱི་ནུས་ཤུགས་སྔར་ལས་མང་པོ་སྣོན་རྒྱུའི་རེ་བ་ཡོད།
གླེང་སྟེགས་ཀྱི་ལས་འཛིན་མགོ་གཙོ་ཕན་ཅི་ཝུན་སོགས་ཚོགས་ཞུགས་འཐུས་མིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཨེ་ཤ་ཡ་དང་འཛམ་གླིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྔར་ལས་ཆེ་བའི་བྱས་རྗེས་འཇོག་འདོད་ཡོད་པའི་ཚུལ་བསྟན།
ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་གནང་སྐབས་ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་དུས་ཡུན་རིང་པོར་ལེགས་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་རྣམ་པར་འགྱུར་བ་བྱུང་མེད་ཅིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེ་བས། ཀྲུང་གོར་དངུལ་གཏོང་བྱེད་པ་ནི་མ་འོངས་པར་དངུལ་གཏོང་བྱེད་པ་ཡིན། ཀྲུང་གོས་མུ་མཐུད་དུ་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་རྒྱུ་ཡིན་པས། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྲུང་གོར་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པ་དང་། ཀྲུང་གོའི་གོ་སྐབས་མཉམ་སྤྱོད་བྱེད་པའི་ཁྲོད་མུ་མཐུད་དུ་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུ་རྒྱུ་ཡིན།
ཁེ་ལས་མི་སྣ་ཚོས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་བློ་བརྟན་འགྱུར་མེད་ངང་ལྟ་སྟངས་ཡག་པོ་འཛིན་པ་དང་། མུ་མཐུད་དུ་ཀྲུང་གོའི་ཁྲོམ་རར་ཟབ་ཞུགས་བྱས་ནས་མཉམ་དུ་སྔར་ལས་བཟང་པོའི་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注