2025ལོའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དངུལ་ལོར་ཆེད་མཁས་པའི་གླེང་སྟེགས་པེ་ཅིང་དུ་སྤེལ།

དངུལ་ལོར་ཐད་རིག་སྟོབས་གཅིག་བསྡུས་བྱས་ཏེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕན་འདེགས་པ་བརྗོད་སྙིང་ཡིན་པའི2025ལོའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དངུལ་ལོར་ཆེད་མཁས་པའི་གླེང་སྟེགས་ཟླ3པའི་ཚེས19ཉིན་ནས་ཚེས21ཉིན་བར་པེ་ཅིང་དུ་སྤེལ། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་སུམ་ཅུ་ལྷག་ནས་ཡོང་བའི་སྲིད་གཞུང་སྡེ་ཁག་དང་དངུལ་ལོར་ལས་ཁུངས་ཀྱི་འགན་ཁུར་བ། དེ་མིན་ཆེད་མཁས་པ་སོགས་ཀྱིས་བརྗེ་རེས་དཔྱད་བསྡུར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་ཧྲེ་ཀྲང་ཧྥུའུ་ཧྭ་ཡིས་ཚེས20ཉིན་གླེང་སྟེགས་གཙོ་བོའི་སྟེང་བསྟན་དོན། དེང་སྐབས་ཀྱི་དུས་རབས་སུ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་རྒྱལ་སྤྱིའི་སྒྲིག་ལམ་བཅོས་བསྒྱུར་བྱེད་པའི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དངུལ་ལོར་ཆེད་མཁས་པའི་གླེང་སྟེགས་སྤེལ་བ་ནི་ཤུགས་ཆེན་པོས་སྒོ་འབྱེད་སྦྲེལ་མཐུད་དར་སྤེལ་བྱས་ཏེ། དངུལ་ལོར་མཉམ་ལས་ཀྱིས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་གསར་གཏོད་ཀྱི་ལག་ལེན་ཐེངས་ཤིག་ཀྱང་ཡིན། ཞིན་ཧྭ་གསར་འགྱུར་ཁང་གིས་ཕྱོགས་སོ་སོའི་བར་ལག་རྡང་སྦྲེལ་ནས། སྔར་ལས་ལྷག་པའི་སྒོ་ནས་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་ཡིད་ཆེས་ཇེ་དྲག་ཏུ་བཏང་སྟེ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

པེ་ཅིང་གྲོང་ཁྱེར་གྱི་ཧྲི་ཀྲང་ཡུན་ཡུང་གིས་བསྟན་དོན། པེ་ཅིང་ནི་རྒྱལ་ཁབ་དངུལ་ལོར་དོ་དམ་ལྟེ་གནས་ཡིན་ཞིང་། ཀྲུང་དབྱང་དངུལ་ལོར་དོ་དམ་སྡེ་ཁག་དང་དངུལ་ལོར་ལས་ཁུངས་མང་བོའི་སྤྱི་ཁྱབ་པུའུ། རྒྱལ་སྤྱིའི་དངུལ་ལོར་རྩ་འཛུགས་བཅས་གཅིག་འདུས་ཀྱི་གནས་ཤིག་ཡིན་ལ། དངུལ་ལོར་གྱི་སྤྱིའི་མ་དངུལ་དང་དངུལ་ལོར་ལས་གཉེར་མཁན་གྱི་ཁ་གྲངས་འཛམ་གླིང་ཡོངས་ཀྱི་ཨང་དང་པོར་གྱུར་ཡོད། དངུལ་ལོར་མཉམ་ལས་དེས་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཡིན་པར་མ་ཟད། ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་ཟེར།

ཚོགས་ཞུགས་ཀྱི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོས་བསྟན་དོན། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་འདྲ་མཚུངས་ཀྱི་ལོ་རྒྱུས་བརྒྱུད་རིམ་དང་ཐུན་མོང་གི་འཕེལ་རྒྱས་རེ་འདུན་ཡོད་པས། བརྗེ་རེས་དང་མཐུན་སྒྲིལ་རོགས་རེས་ལ་ཤུགས་སྣོན་བྱེད་པ་དང་། ལག་རྡང་སྦྲེལ་ནས་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྩོན་ལེན་བྱས་ནས། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་དང་དར་རྒྱས་ཐད་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་སྟོབས་ཤུགས་འབུལ་དགོས་ཟེར།

ཐེངས་འདིའི་གླེང་སྟེགས་ནི་ཞིན་ཧྭ་གསར་འགྱུར་ཁང་གི་ཚོང་རྟགས་བྱ་བའི་གཞུང་སྒྲུབ་ཁང་དང་ཀྲུང་གོའི་དཔལ་འབྱོར་ཆ་འཕྲིན་ཁང་། ཀྲུང་གོའི་དངུལ་འཛིན་ཚགས་པར་ཁང་། ཧྲང་ཧེ་དངུལ་འཛིན་ཚགས་པར་ཁང་། དཔལ་འབྱོར་དཔྱད་གཞིའི་ཚགས་པར་ཁང་། ཀྲུང་གོའི་འབྱོར་ཕྱུག་སྨྱན་བྱད་སྡེ་ཚོགས། རྒྱལ་ཁབ་དངུལ་ལོར་ཆ་འཕྲིན་ཐོག་ཁང་ཆེན་མོ་བཅས་ཀྱིས་གཙོ་སྒྲུབ་བྱས་པ་ཡིན་ལ། གླེང་སྟེགས་གཙོ་བོའི་སྟེང་འཛམ་གླིང་ཡོངས་ཀྱི་དངུལ་ལོར་ཆེད་མཁས་པའི2025ལོའི་པེ་ཅིང་ཐུན་མོང་ལྟ་ཚུལ་ཁྱབ་བསྒྲགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号