ཨུ་རུ་སི་དང་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་ཚེས24ཉིན་ལེ་ཡཱ་ཏི་ནས་གྲོས་མོལ་བྱེད་རྒྱུ་རེད།
ཨུ་རུ་སིའི་དཔོན་རིགས་ཀྱིས་ཚེས20ཉིན་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་ཚེས24ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། གྲོས་མོལ་དེ་མཚོ་ནག་མཚོ་ཁོངས་ཀྱི་བདེ་འཇགས་སྐྱེལ་འདྲེན་དང་མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་སྐྱེལ་གྲོས་མཐུན་སླར་གསོ་བྱེད་པ་སོགས་གྲོས་གཞིར་འབྲེལ་བ་ཡོད་སྲིད་ཟེར།
ཨུ་རུ་སིའི་ཙུང་ཐུང་གི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཚེས20ཉིན་བསྟན་དོན། ཚེས24ཉིན་གྱི་གྲོས་མོལ་ནི་ཨུ་རུ་སི་དང་ཨ་མེ་རི་ཁའི་བར་གྱི་ཆེད་མཁས་རིམ་པའི་གྲོས་མོལ་ཡིན་པ་དང་། ཐེངས་འདིའི་གྲོས་མོལ་ནི་དེའི་སྔོན་ཨུ་རུ་སི་དང་ཨ་མེ་རི་ཁའི་མགོ་གཙོས་ཁ་པར་གཏོང་སྐབས་ཆེད་མཁས་ཚན་ཆུང་འཛུགས་པའི་སྐོར་གྱི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་པ་ཡིན་ལ། མཚོ་ནག་མཚོ་ཁོངས་ཀྱི་སྐྱེལ་འདྲེན་བདེ་འཇགས་གྲོས་མཐུན་གྱི་མདུན་ལྗོངས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།
ཝུའུ་ཧྲ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་འཐུས་ཚབ་ཚོགས་པའི་ཁོངས་མི་ལ་ཨུ་རུ་སིའི་གྲོས་ཁང་གོང་མའི་རྒྱལ་སྤྱིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁཱ་ལཱ་ཞིན་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡི་ཅུའུ་ཀྲང་གི་བློ་འདོན་པ་པེ་ཞེ་ཏཱ་ཡོད་པ་དང་། ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པའི་ཁོངས་མི་ཡང་གཏན་འཁེལ་བྱས་ཡོད་ཀྱང་། བྱེ་བྲག་གི་མི་སུ་ཡིན་ཨ་མེ་རི་ཁ་ཕྱོགས་ཀྱིས་ཁྱབ་སྒྲོག་བྱེད་རྒྱུ་རེད་ཟེར།
ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་སྨྱན་བྱད་ལ་བསྟན་དོན། ཐེངས་འདིའི་གྲོས་མོལ་དེ་མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་སྐྱེལ་གྲོས་མཐུན་སླར་གསོ་བྱེད་པ་སོགས་ཀྱི་གྲོས་གཞིར་འབྲེལ་ཡོད་ཟེར། ཁོས་བཤད་རྒྱུར། སྔོན་ཆད་མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་སྐྱེལ་གྲོས་མཐུན་ལག་བསྟར་བྱེད་སྐབས། ཨུ་རུ་སིའི་ཕྱོགས་ཀྱིས་འབྲེལ་ཡོད་ནང་དོན་ལག་བསྟར་བྱས་ཀྱང་། ཨུ་རུ་སིའི་ཕྱོགས་ཀྱི་རེ་བ་བསྐང་མེད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注