དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་ས་ངོས་འགུལ་སྐྱོད་སྤེལ།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས20ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་ས་ངོས་འགུལ་སྐྱོད་སྤེལ་བ་དང་། མིག་སྔར་པེད་ཐི་ལཱ་ཞེ་ཡེ་ཉེ་འདབས་ཀྱི་མཚོ་འགྲམ་གཞུང་ལམ་བར་དུ་བསླེབས་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་བསྟན་དོན། འགུལ་སྐྱོད་མ་སྤེལ་གོང་ས་ཁུལ་དེའི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་རྨང་གཞིའི་སྒྲིག་ཆས་དང་ཐན་ཁིར་རྒོལ་བའི་འཕུར་མདའི་གཡུལ་ས་བཅས་ལ་ཆམ་ཕབ་བཏང་ཡོད་ཟེར།

ཚེས20ཉིན་གྱི་ཕྱི་དྲོར། ཐི་ལཱ་ཝེ་ཧྥུའུ་དང་བཅས་པའི་དབྱི་སི་རལ་དབུས་ཕྱོགས་ཀྱི་ས་ཁུལ་མང་བོར་མཁའ་སྲུང་ཉེན་བརྡ་བཏང་། དབྱི་སི་རལ་གྱི་དམག་དཔུང་གིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ། འཕུར་མདའ་གསུམ་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་ནས་དབྱི་སི་རལ་དུ་གཏོང་འཕེན་བྱས་པ་དང་། དབྱི་སི་རལ་གྱི་མཁའ་དམག་གིས་འཕུར་མདའ་གཅིག་བཀག་ཡོད་ལ། འཕུར་མདའ་གཞན་པ་གཉིས་ས་སྟོང་དུ་ལྷུང་བ་རེད་ཟེར།

ཧཱ་མཱ་སི་ཡིས་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སིང་སྟོང་ཤོག་གིས་ཚེས20ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་མི་སེར་དཀྱུས་མ་དམར་གསོད་བཏང་བར་རྒོལ་ལན་སྤྲོད་ཆེད། ཐི་ལཱ་ཝེ་ཧྥུའུ་རུ་མེ་ཤུགས་འཕུར་མདའ་འགའ་གཏོང་འཕེན་བྱས་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号