ཁ་ན་ཏའི་མི་4ལ་སྲོག་ཁྲིམས་བཅད་པའི་ཐད་བཤད་དོན།
ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཟླ3པའི་ཚེས20ཉིན་སྤེལ་བའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
ཁ་ན་ཏའི་སྤྱི་དམངས་ཀྱིས་ཀྲུང་གོར་དུག་རྫས་ཀྱི་བྱས་ཉེས་བསགས་པར་སྲོག་ཁྲིམས་ལག་བསྟར་བྱ་རྒྱུའི་སྐོར་གྱི་གནད་དོན་ལ་ལན་འདེབས་སྐབས། མའོ་ཉིང་གིས་དུག་རྫས་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་ནི་རྒྱལ་ཁབ་ཁག་གི་ཐུན་མོང་གི་འགན་འཁྲི་ཡིན། ཀྲུང་གོ་ནི་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་ཡིན་ཞིང་། རྒྱལ་ཁོངས་མི་འདྲ་བའི་ཞུ་སྦྱོར་ཕྱི་མ་བར་ཕྱོགས་རིས་མེད་པར་ཁྲིམས་ལྟར་ཐག་གཅོད་ནན་པོ་དང་དྲང་གཞག་བྱས་ཏེ། དོ་བདག་གི་ཁྲིམས་མཐུན་ཁེ་དབང་དང་ཁ་ན་ཏའི་ཕྱོགས་ཀྱི་གཞུང་ཚབ་དོན་གཅོད་པའི་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱས་ཡོད། ཁ་ན་ཏ་ཕྱོགས་ཀྱིས་ཁྲིམས་སྐྱོང་སྙིང་སྟོབས་ལ་བརྩི་འཇོག་བྱས་ནས་ཀྲུང་གོའི་ཁྲིམས་འཛིན་བདག་དབང་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་ཞེས་བཤད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注