རུ་ཝང་ཏཱ་ཡིས་པུ་ལི་ཧྲིའི་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་བསྒྲགས་བྱས།

རུ་ཝང་ཏཱའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཡིས་ཚེས17ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེ་ནས་བཟུང་པུ་ལི་ཧྲིའི་བར་གྱི་ཕྱི་ཕྱོགས་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། རུ་ཝང་ཏཱ་རུ་སྡོད་པའི་པུ་ལི་ཧྲིའི་ཕྱི་འབྲེལ་དཔོན་པོ་ཚང་མ་དུས་ཚོད་ཞེ་བརྒྱད་ནང་རུ་ཝང་ཏཱའི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན། པུ་ལི་ཧྲི་ཡིས་དོན་དེར་ཡིད་འཕང་བའི་ཚུལ་བསྟན་པ་དང་། གཅིག་མཚུངས་ཀྱི་ངོ་རྒོལ་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར།

རུ་ཝང་ཏཱ་ཡིས་གསལ་སྒྲོག་ནང་དུ་པུ་ལི་ཧྲི་ཡིས་དུས་ཡུན་རིང་བོར་རུ་ཝང་ཏཱའི་ཁེ་ཕན་ལ་གནོད་སྐྱེལ་བ་དང་། རྫུན་གཏམ་དང་ཐེ་གཏོགས་ལ་བརྟེན་ནས་རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་རུ་ཝང་ཏཱ་ལ་ངོ་རྒོལ་བྱེད་པར་སྐུལ་སློང་བྱས་ནས། ས་ཁུལ་གྱི་གཏན་འཇགས་ལ་གཏོར་བརླག་བྱེད་རྩིས་བྱས། རུ་ཝང་ཏཱ་ཕྱོགས་ཀྱིས་ད་རུང་པུ་ལི་ཧྲི་ཡིས་ལོ་རྒྱུས་སྟེང་དུས་ཡུན་རིང་བོར་རིགས་རྒྱུད་ཐལ་སྤྱོད་རིང་ལུགས་ལ་རོགས་འདེགས་བྱས་མྱོང་བ་དང་། རང་གི་མངའ་ཁོངས་སུ1994ལོའི་རུ་ཝང་ཏཱའི་རིགས་རྒྱུད་ཚར་གཅོད་ཁས་ལེན་མི་བྱེད་པའི་ཚོགས་ཁག་གནས་ཆོག་པར་བྱས་ཡོད་པར་སྐྱོན་འཛུགས་བྱས།

པུ་ལི་ཧྲིའི་དབུ་བཞུགས་བློན་ཆེན་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཕུའུ་ལོས་བོ་ཡིས་ཚེས17ཉིན་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ནས། རུ་ཝང་ཏཱའི་སྲིད་གཞུང་གིས་ཕྱོགས་གཅིག་ནས་པུ་ལི་ཧྲིའི་བར་གྱི་འབྲེལ་ཐག་བཅད་དེ་ཕྱི་འབྲེལ་དཔོན་པོ་མཐར་སྐྲོད་གཏོང་བའི་ཆོད་དོན་ལ་ཡིད་འཕང་བའི་ཚུལ་བསྟན་པ་དང་། ཁོས་ཆོད་དོན་དེ་ནི་ཚད་ལས་བརྒལ་བའི་རྣམ་འགྱུར་ཅིག་རེད་ཟེར།

ཕུའུ་ལོས་བོ་ཡིས་ད་རུང་ཁྱབ་བསྒྲགས་བྱས་དོན། པུ་ལི་ཧྲི་ཡིས་འདྲ་མཉམ་གྱི་བྱེད་ཐབས་སྤྱོད་རྒྱུ་ཡིན་ལ། དེའི་ནང་པུ་ལི་ཧྲི་རུ་སྡོད་པའི་རུ་ཝང་ཏཱའི་གནས་སྐབས་གཞུང་ཚབ་པ་འབོད་པ་དང་། རུ་ཝང་ཏཱའི་ཕྱི་འབྲེལ་དཔོན་པོ་དག་དགའ་བསུ་མི་བྱེད་པའི་མིར་ཁྱབ་སྒྲོག་བྱས་པ། ཕྱོགས་གཉིས་ཀྱི་སྲིད་གཞུང་བར་གྱི་མཉམ་ལས་གྲོས་མཐུན་མཚམས་འཇོག་པ་སོགས་འདུས་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号