ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་འཐབ་འཁྲུག་གི་སྐབས་སུ་ཕྱི་རྒྱལ་ལ་དམག་མི་མངག་གཏོང་བྱེད་པའི་བཅའ་ཁྲིམས་འཆར་ཟིན་ལ་མིང་བཀོད།
ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཚེས17ཉིན་བཅའ་ཁྲིམས་འཆར་ཟིན་ཅིག་བཀོད་དེ། འཐབ་འཁྲུག་གི་སྐབས་སུ་ཕྱི་རྒྱལ་ལ་ཝུའུ་ཁི་ལན་གྱི་དམག་དཔུང་མངག་གཏོང་བྱས་ནས། སྔོན་ཐོན་གྱི་མཚོན་ཆའི་སྒྲིག་ཆས་དང་ཆེད་ལས་ཀྱི་སྦྱོང་བརྡར་ཐོབ་པར་ཆོག་མཆན་བཀོད།
ཝུའུ་ཁི་ལན་གྱི་གྲོས་ཁང་གིས་ཉིན་དེར་རང་གི་དཔོན་ཕྱོགས་དྲ་ཚིགས་སྟེང་བཅའ་ཁྲིམས་འཆར་ཟིན་དེ་སྤེལ་བ་དང་། ཝུའུ་ཁི་ལན་གྱི་གྲོས་ཁང་གི་འགྲེལ་བཤད་རང་བཞིན་གྱི་ཡིག་ཆ་ལྟར་ན། ཝུའུ་ཁི་ལན་གྱི་དམག་མི་དང་དམག་དོན་སྡེ་ཁག དམག་དཔུང་གི་ཡན་ལག་ལས་ཁུངས་བཅས་ཀྱིས་ཝུའུ་ཁི་ལན་གྱི་བཅའ་ཁྲིམས་གཏན་འབེབས་བྱེད་པའི་ལས་རིམ་ལྟར་དུ། རྒྱལ་ཁབ་གཞན་པ་དང་ཁྱད་པར་དུ་གྲོགས་པོའི་རྒྱལ་ཁབ་དག་ལ་དམག་མི་མངག་གཏོང་བྱས་ཆོག་པ་རེད།
ཝུའུ་ཁི་ལན་གྱི་རྒྱལ་སྤྱིའི་གློག་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་གྲོས་ཁང་ནས་ཟླ་དང་པོའི་ཚེས15ཉིན་འཐབ་འཁྲུག་གི་སྐབས་སུ་ཕྱི་རྒྱལ་དུ་ཝུའུ་ཁི་ལན་གྱི་དམག་དཔུང་མངག་གཏོང་བྱེད་པའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། ཙེ་ལིན་སི་ཅི་ཡིས་དེའི་རྗེས་སུ་བཅའ་ཁྲིམས་འཆར་ཟིན་དེའི་དོན་ཚན་སྐོར་ཞིག་ལ་བཟོ་བཅོས་བྱེད་པའི་བསམ་འཆར་བཏོན། ཟླ2པའི་ཚེས25ཉིན་ཝུའུ་ཁི་ལན་གྱི་གྲོས་ཁང་གིས་བཟོ་བཅོས་བྱས་རྗེས་ཀྱི་བཅའ་ཁྲིམས་འཆར་ཟིན་དེར་གྲོས་མཐུན་བཀོད་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注