དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་གྱིས་ཐི་ལིང་ཕུའུ་ཡིས་དབྱི་ལིང་གྲོས་མོལ་བྱེད་པར་གདན་ཞུ་བྱས་པ་དེས་གླེང་ཕྱོགས་ལ་གཡོ་ཁྲིད་བྱེད་བཞིན་ཡོད་པའི་ཚུལ་བསྟན།
དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཡིས་ཚེས12ཉིན་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་དབྱི་ལིང་གདན་དྲངས་ནས་ཉིང་རྡུལ་ནུས་པའི་འཆར་གཞིའི་ཐད་ནས་གྲོས་མོལ་བྱེད་རྒྱུའི་ཚུལ་བསྟན་པ་ནི་འཛམ་གླིང་ཡོངས་ཀྱི་གླེང་ཕྱོགས་ལ་གཡོ་ཁྲིད་བྱེད་པའི་ཆེད་རེད་ཟེར།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧཱ་མཱེ་ནེ་དབྱེ་ཡིས་ཉིན་དེར་རྒྱལ་ས་ཏི་ཧེ་ལན་ནས་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁའི་ཙུང་ཐུང་གིས་ང་ཚོས་དབྱི་ལིང་དང་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད་པར་བཤད་དེ་གདན་ཞུ་བྱེད་སྐབས། དེའི་དམིགས་ཡུལ་ནི་འཛམ་གླིང་ཡོངས་ཀྱི་གླེང་ཕྱོགས་ལ་གཡོ་ཁྲིད་བྱས་ཏེ། ཨ་མེ་རི་ཁས་གྲོས་མོལ་བྱེད་འདོད་ཡོད་ཀྱང་དབྱི་ལིང་འཐད་པ་མིན་པའི་སྣང་ཚུལ་ཞིག་བཟོ་བའི་ཆེད་དུ་རེད་ཟེར།
ཧཱ་མཱེ་ནེ་དབྱེ་ཡིས་བཤད་རྒྱུར། དབྱི་ལིང་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ལོ་མང་བོར་གྲོས་མོལ་བྱས་ཀྱང་། ཐི་ལིང་ཕུའུ་ཡིས་སྔོན་བཀོད་པའི་གྲོས་མཐུན་རྩིས་མེད་དུ་བཏང་། ཨ་མེ་རི་ཁས་དམ་བཅའ་བརྩི་སྲུང་བྱེད་མི་སྲིད་པ་ཤེས་བཞིན་དུ་གྲོས་མོལ་བྱེད་པའི་དགོས་པ་མེད་ཟེར། ཁོས་ད་རུང་བསྟན་དོན། ད་ལྟའི་ཨ་མེ་རི་ཁའི་སྲིད་གཞུང་བར་གྲོས་མོལ་བྱས་ན་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་མི་ཐུབ་པའི་ཁར་བཀག་སྡོམ་བྱེད་ཐབས་ལ་སྔར་ལས་ཤུགས་སྣོན་བྱེད་ངེས་རེད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注