ཕུའུ་ཅིན་གྱིས་ཁུའུ་ཨར་སི་ཁི་ས་ཁུལ་ཕྱིར་འཕྲོག་ལེན་བྱེད་དགོས་པའི་ཚུལ་བསྟན།
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས12ཉིན་ཁུའུ་ཨར་སི་ཁི་ས་ཁུལ་དུ་རྟོག་ཞིབ་བྱེད་སྐབས་བསྟན་དོན། ཁུའུ་ཨར་སི་ཁི་ས་ཁུལ་ཧྲིལ་བོ་ཕྱིར་འཕྲོག་ལེན་བྱེད་དགོས་པར་མ་ཟད། རྒྱལ་ཁབ་ཀྱི་མཐའ་མཚམས་ས་ཁུལ་དུ་བདེ་འཇགས་ས་ཁུལ་འཛུགས་པར་བསམ་བློ་གཏོང་དགོས་ཟེར།
ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཁུའུ་ཨར་སི་ཁི་ས་ཁུལ་གྱི་བཀོད་འདོམ་ལྟེ་གནས་ཤིག་ནས་གྲོས་ཚོགས་བསྡུས་ཏེ། མིག་སྔར་ཨུ་རུ་སིའི་དམག་དཔུང་གི་ལས་འགན་ནི་མྱུར་མོར་ཁུའུ་ཨར་སི་ཁི་ས་ཁུལ་གྱི་ཝུའུ་ཁི་ལན་གྱི་དྲག་ཆས་སྟོབས་ཤུགས་ཚར་གཅོད་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་གནས་བབ་སླར་གསོ་བྱེད་རྒྱུ་དེ་ཡིན་པ་དང་། དེའི་ཞོར་དུ་མ་འོངས་པའི་རྒྱལ་ཁབ་ཀྱི་མཐའ་མཚམས་སུ་བདེ་འཇགས་ས་ཁུལ་ཞིག་འཛུགས་པའི་གནད་དོན་ལའང་བསམ་བློ་གཏོང་དགོས་ཟེར།
ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་སྤྱི་ཁྱབ་ཇུས་འདོན་པ་ཀི་ལཱ་ཞི་མའོ་ཧྥུའུ་ཡིས་ཚོགས་ཐོག་ནས་ཕུའུ་ཅིན་ལ་སྙན་ཞུ་བྱས་དོན། ཨུ་རུ་སིའི་དམག་དཔུང་གིས་ཁུའུ་ཨར་སི་ཁི་ས་ཁུལ་གྱི་ཝུའུ་ཁི་ལན་གྱི་དམག་དཔུང་གིས་བཙན་བཟུང་བྱེད་པའི་ས་ཁུལ་གྱི་བརྒྱ་ཆའི་གྱ་དྲུག་ལྷག་གི་ས་ཁོངས་ཕྱིར་འཕྲོག་ལེན་བྱས་ཡོད་པ་དང་། ཨུ་རུ་སིའི་དམག་དཔུང་གིས་འདས་པའི་ཉིན་ལྔའི་ནང་གཏན་སྡོད་བྱེད་ས་ཉེར་བཞི་དང་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཉིས་བརྒྱ་དང་ང་དགུའི་ས་ཁོངས་བདག་བཟུང་བྱས་ཡོད་ཟེར།
ཨུ་རུ་སིའི་བྱང་ཕྱོགས་སྡེ་ཚོགས་ཀྱི་དཔོན་དམག་གིས་བཤད་རྒྱུར། ཨུ་རུ་སིའི་རྒྱལ་དར་ཉིན་དེར་ཁུའུ་ཨར་སི་ཁི་ས་ཁུལ་གྱི་སུའུ་ཅཱ་གྲོང་ཁྱེར་གྱི་ལྟེ་གནས་ཐང་ཆེན་ནས་བསྒྲེངས་པ་དང་། སུའུ་ཅཱ་ནི་ཝུའུ་ཁི་ལན་གྱིས་ཚོད་འཛིན་བྱེད་པའི་ཁུའུ་ཨར་སི་སི་ས་ཁུལ་གྱི་ཆེས་ཆེ་བའི་གཏན་སྡོད་བྱེད་ས་ཞིག་ཡིན་པ་དང་། ས་ཁུལ་དེ་ཝུའུ་ཁི་ལན་གྱི་དམག་དཔུང་གི་ཁུའུ་ཨར་སི་ཁིའི་མཁོ་སྒྲུབ་ལྟེ་གནས་སུ་བྱས་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注