འཇར་པན་སྲིད་གཞུང་གིས་ཨ་མེ་རི་ཁས་རྣོ་ལྕགས་དང་ཧ་ཡང་གི་སྒོ་ཁྲལ་ཁ་སྣོན་བྱས་པར་ཡིད་འཕང་བའི་ཚུལ་བསྟན།
འཇར་པན་གྱི་ནེ་ཀིའི་མགྲིན་ཚབ་པ་ལིན་ཧྥང་ཀྲིན་གྱིས་ཚེས12ཉིན་ཉིན་དེར་ནུས་ལྡན་དུ་གྱུར་བའི་ཨ་མེ་རི་ཁའི་རྣོ་ལྕགས་དང་ཧ་ཡང་གི་སྒོ་ཁྲལ་ཁ་སྣོན་བྱེད་པའི་སྲིད་ཇུས་ཐད་ནས་ཡིད་འཕང་བའི་ཚུལ་བསྟན།
འཇར་པན་ཐུན་མོང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ལིན་ཧྥང་ཀྲིན་གྱིས་ཉིན་དེའི་ཕྱི་དྲོའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། ཨ་མེ་རི་ཁའི་སྲིད་གཞུང་གིས་རྣོ་ལྕགས་དང་ཧ་ཡང་གི་སྔར་ལས་གཟབ་ནན་ཡིན་པའི་སྒོ་ཁྲལ་བསྡུ་མགོ་བརྩམས་པ་དང་། འཇར་པན་ལ་སྒོ་ཁྲལ་མེད་པར་གཏོང་བའི་བྱེད་ཐབས་ལག་བསྟར་མི་བྱས་པའི་ཐད་ནས་ཡིད་འཕང་བའི་ཚུལ་བསྟན་པ་དང་དེར་ངོ་རྒོལ་བྱས།
ལིན་ཧྥང་ཀྲིན་གྱིས་ནན་གྱིས་བསྟན་དོན། འཇར་པན་གྱི་ཐོན་རྫས་ནང་འདྲེན་བྱེད་པ་དེ་ཨ་མེ་རི་ཁའི་བཟོ་སྐྲུན་ལས་རིགས་ཀྱི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་འགྲོ་བར་མེད་དུ་མི་རུང་ལ། འཇར་པན་གྱིས་ཨ་མེ་རི་ཁའི་ཐོན་ལས་དང་ལས་ཞུགས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།
ལིན་ཧྥང་ཀྲིན་གྱིས་བལྟས་ན། ཨ་མེ་རི་ཁའི་སྲིད་གཞུང་གིས་སྒོ་ཁྲལ་གྱི་སྲིད་ཇུས་རབ་དང་རིམ་པ་བཏོན་པ་ལས་འཇར་པན་དང་ཨ་མེ་རི་ཁའི་དཔལ་འབྱོར་འབྲེལ་བ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དང་ཕྱོགས་མང་ཉོ་ཚོང་མ་ལག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པར་འདོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注