ཨ་རབ་རྒྱལ་ཁབ་ལྔའི་ཕྱི་འབྲེལ་བློན་ཆེན་དང་ཨ་མེ་རི་ཁའི་ཆེད་མངག་ཕོ་ཉས་གྲོས་ཚོགས་བསྡུས་ཏེ་ཅཱ་ཧྲའི་བསྐྱར་འཛུགས་གནད་དོན་ལ་གྲོས་བསྡུར་བྱས།

ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས12ཉིན་གྱི་དགོང་མོར་སྤྱི་སྒྲོག་སྤེལ་ཏེ། ཁཱ་ཐར་གྱིས་ཉིན་དེར་རྒྱལ་ས་ཏའོ་ཧཱ་ནས་མགོ་འཛིན་བྱས་ནས་ཨ་རབ་རྒྱལ་ཁབ་ལྔའི་ཕྱི་འབྲེལ་བློན་ཆེན་དང་ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉའི་གྲོས་ཚོགས་བསྡུས་ནས། གཙོ་བོ་ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

སྤྱི་སྒྲོག་ལྟར་ན། ཚོགས་ཞུགས་མཁན་ལ་ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་ནམ་ཕྱི་འབྲེལ་བློན་ཆེན་མུའུ་ཧན་མའོ་ཏི་དང་། ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏིས། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར། ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཏུའུ་ལེ་ཨ་ཐིས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧཱ་ལེ་ཧྥ། ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་བཅས་ཡོད། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཧི་སེ་ཡུན་ཞེ་ཧི་ཡང་ཚོགས་འདུར་ཞུགས་ཡོད་ཟེར།

ཨ་རབ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་དག་གིས་ཟླ་འདིའི་ཚེས་བཞི་ཉིན་ཨེ་ཅིབ་ནས་བསྡུས་པའི་ཨ་རབ་རྒྱལ་ཁབ་ཀྱི་བྲེལ་མྱུར་མཐོ་རིམ་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་འཆར་གཞི་མཚམས་སྦྱོར་བྱས་པར་མ་ཟད། ཨ་མེ་རི་ཁའི་ཆེད་མངག་ཕོ་ཉའི་བར་ཐུན་མོང་ལྟ་ཚུལ་བྱུང་སྟེ། མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་ཐད་ནས་གྲོས་མོལ་དང་མཐུན་སྦྱོར་བྱེད་རྒྱུ་ཡིན་ཟེར།

རྒྱལ་ཁབ་ལྔའི་ཕྱི་འབྲེལ་བློན་ཆེན་གྱིས་ནན་གྱིས་བསྟན་དོན། དོན་དངོས་ཀྱ་བྱ་སྤྱོད་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་རྨང་གཞིར་བྱས་པའི་དྲང་བདེན་དང་ཕྱོགས་ཡོངས་ཀྱི་ཞི་བདེ་མངོན་འགྱུར་བྱས་ནས། ཕཱ་ལེ་སི་ཐན་གྱི་མི་དམངས་ཀྱི་རང་དབང་དང་སྒེར་ཚུགས་ཀྱི་ལུགས་མཐུན་རེ་འདོད་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号