མཚོ་ལྷོ་ཁུལ་གྱིས་ཤུལ་བཞག་རིག་གནས་གྱིས་གྲོང་གསེབ་དར་སྤེལ་ཡོང་བར་ཤུགས་བསྣན་པ།
ཉེ་བའི་ལོ་འགའི་རིང་། རང་ཁུལ་གྱི་ཤུལ་བཞག་རིག་གནས་ལ་གཡུར་ཟའི་གྲུབ་འབྲས་བླངས་ཡོད་པ་དང་། ཤུལ་བཞག་རིག་གནས་མ་ལག་འཛུགས་སྐྲུན་བྱེད་པར་བརྟེན་ནས་ས་གནས་ཀྱི་ཤུལ་བཞག་རིག་གནས་ལས་གཞི་དང་རྒྱུན་འཛིན་མི་སྣ་སྔོག་འདོན་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་རྣམ་པར་བསྒྱུར་ནས་གྲོང་གསེབ་དར་སྤེལ་ཡོང་བར་སྒུལ་ཤུགས་གསར་པ་བསྣན།
གསར་འགོད་པ་མཚོ་ལྷོ་ཁུལ་བོད་ཀྱི་གཙགས་དྲུབ་འགྲེམ་སྟོན་ཁང་དུ་ཕྱིན་པ་ན་གསོན་ཉམས་ལྡན་པའི་བརྩམས་ཆོས་རེ་རེ་མིག་གི་དགའ་སྟོན་དུ་འབྱོན་ཞིང་། རྒྱལ་ཁབ་རིམ་པའི་ཀོས་ནན་བོད་ཀྱི་གཙགས་དྲུབ་ཤུལ་བཞག་རྒྱུན་འཛིན་པ་ལྷ་མོ་གཡུ་སྒྲོན་གྱིས་སློབ་མ་རྣམས་ལ་ལག་རྩལ་ཁྲིད་བཞིན་ཡོད། ལྷ་མོ་གཡུ་སྒྲོན་ནི་ཀོས་ནན་རྫོང་བྱ་མདོ་ཤང་བདེ་མང་སྡེ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ལོ་བཅུ་བཞི་ནས་བཟུང་། ཁྱིམ་མི་དང་ལྷན་དུ་ཁབ་སྐུད་ཀྱི་འཚེམ་དྲུབ་བསླབ་མགོ་བརྩམས། རང་སྐྱ་ཐུབ་པའི་གཙགས་དྲུབ་བཟོ་ཤེས་པ་ནས་རྒྱལ་ཁབ་རིམ་པའི་ཤུལ་བཞག་རིག་གནས་རྒྱུན་འཛིན་པར་གྱུར་བའི་བགྲང་བྱ་ཉི་ཤུའི་རིང་། ཁོ་མོས་ཁབ་སྐུད་ཀྱི་ལག་རྩལ་ལ་བརྟེན་ནས་རང་ཉིད་ལ་དབང་བའི་མཚར་སྡུག་གི་འཚོ་བ་བསྐྲུན་ཞིང་གཙགས་དྲུབ་ལག་རྩལ་གྱི་རྒྱུན་འཛིན་པ་གང་མང་གསོ་སྐྱོང་བྱས།
ལྷ་མོ་གཡུ་སྒྲོན་གྱིས་བཤད་རྒྱུར། ང་རང་ཆུང་དུས་ནས་སློབ་གྲྭརའགྲོ་མ་ཐུབ་ཀྱང་། གཙགས་དྲུབ་ལག་རྩལ་ལ་བརྟེན་ནས་ས་ཆ་གང་མང་འགྲིམས་མྱོང་། རྒྱལ་ཁབ་རྟེན་མཛོད་ཁང་དང་ཡང་ན་ཕྱི་རྒྱལ་དུ་སོང་ནས་མི་སྣ་གྲགས་ཅན་མང་པོར་ཡང་མཇལ་མྱོང་བས་ཤེས་བྱ་གང་མང་ཐོབ་ཅིང་། ངའི་སེམས་སུ་གཙགས་དྲུབ་བཟོ་མཁན་རྣམས་ཀྱང་རང་ཉིད་དང་འདྲ་བར་ཕྱིའི་འཇིན་རྟེན་དུ་མཐོང་རྒྱ་བསྐྱེད་ཐུབ་ན་ཅི་མ་རུང་སྙམ་གྱིན་ཡོད་ཟེར།
ཤུལ་བཞག་རིག་གནས་རྒྱུན་འཛིན་བྱ་རྒྱུ་ནི་རིག་གནས་རྒྱུན་འཛིན་དང་གསར་གཏོད་ཁོ་ན་བྱེད་པའི་ཐབས་ལམ་མ་ཡིན་པར་དཔལ་འབྱོར་འཕེལ་རྒྱས་དང་ཐོན་ལས་དར་སྤེལ། མི་རིགས་འཆམ་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་བའི་གནད་འགག་གི་བྱ་བ་ཞིག་ཀྱང་ཡིན། ཉེ་བའི་ལོ་འགའི་རིང་། རང་ཁུལ་གྱིས་ཤུལ་བཞག་ཐོན་ཁུངས་ལ་བརྟེན་ནས་ལྟེ་བའི་ལག་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་རྨང་གཞིའི་སྟེང་ཤུལ་བཞག་རིག་གནས་དང་དབུལ་སྐྱོར་ཟུང་འབྲེལ་བྱས་ཏེ། ཤུལ་བཞག་རིག་གནས་གྱི་ཐོན་རྫས་ཕྱིར་ཚོང་བྱེད་སྒོ་ཐེངས་བཞི་ལ་སྤེལ་བ་དང་། ཡོང་སྒོ་སྒོར་ཁྲི550མངོན་འགྱུར་བྱུང་ནས་མང་ཚོགས་རྣམས་ཀྱིས་རང་ཁྱིམ་ནས་ལས་ཞུགས་དང་ཤུལ་བཞག་རིག་གནས་རྒྱུན་འཛིན། ཕྱུག་འགྱུར་གྱི་ལམ་ཁར་བསྐྱོད་ཐུབ་པ་བྱུང་།
ལྷ་མོ་གཡུ་སྒྲོན་གྱིས་ཐོག་མར་ང་ཚོས་མཉམ་ལས་ཁང་གི་རྣམ་པའི་ཐོག་ནས་བོད་ཀྱི་གཙགས་དྲུབ་བཟོས་པ་དང་རྗེས་སུ་ཇེ་ལེགས་སུ་ཕྱིན་པར་བསྟུན་ནས་ཀུང་ཟི་དང་མཉམ་ལས་ཁང་བཙུགས་ཏེ་ལག་ཤེས་འཚེམ་དྲུབ་ཡུལ་སྐོར་ཐོན་རྫས་དང་གཙགས་དྲུབ་ཐོན་རྫས་བཟོས་པ་ཡིན། ལོ་རེའི་ཐོན་རྫས་བརྒྱ་ཕྲག་ལ་སླེབས་པ་དང་ཡོང་འབབ་ཀྱང་སྒོར་ཁྲི500ལྷག་ཐོན་གྱིན་ཡོད་ཟེར།
མཚོ་ལྷོ་ཁུལ་དར་ཚོན་སྣ་ལྔའི་གཙགས་དྲུབ་སྒྱུ་རྩལ་ཚད་ཡོད་ཀུང་ཟིའི་ལས་མི་བུན་ཁྲང་སྐྱིད་ཀྱིས་བཤད་རྒྱུར། ངས་འདི་ནས་གཙགས་དྲུབ་བཟོས་ཏེ་ཕལ་ཆེར་ལོ་བཅུ་ལྷག་འགོར་སོང་། སྔོན་ཆད་རང་ཁྱིམ་ནས་བྱིས་པ་གཉོར་བཞིན་ཞིང་ལས་བྱེད་ཀྱིན་ཡོད་པས་ཡོང་འབབ་ཆེན་པོ་ཞིག་མེད། གཙགས་དྲུབ་ལག་ཤེས་སྦྱངས་པ་ནས་བཟུང་ཡོང་སྒོ་ཡང་ཇེ་མང་དུ་ཕྱིན་ཡོད་ཟེར།
མཚོ་ལྷོ་ཁུལ་གྱིས་ཤུལ་བཞག་རིག་གནས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་འཕེལ་རྒྱས་ལ་བརྟེན་ནས་ཤུལ་བཞག་རིག་གནས་གཏིང་ཟབ་སྒོས་སྔོག་འདོན་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་འགུག་ཤུགས་དང་ས་ཁོངས་ཀྱི་དགེ་མཚན་ལ་བརྟེན། ཁུལ་ཡོངས་ཀྱི་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།
མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་རིག་གནས་ཚན་ཁག་གི་ཚན་གཙོ་ཕུར་བས་བཤད་རྒྱུར། མིག་སྔར། ཁུལ་ཡོངས་སུ་རིམ་པ་དང་རིགས་མི་འདྲ་བའི་ཤུལ་བཞག་རིག་གནས་མིང་ཐོའི་ནང252ཚུད་ཡོད་པ་དང་། དུས་མཚུངས་སུ་ང་ཚོས་ཤུལ་བཞག་རིག་གནས་ཀྱི་དབུལ་སྐྱོར་ལས་ཞུགས་བཟོ་གྲྭ་སོགས་ཀྱི་རྟེན་གཞིར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཐོན་ལས་འཕེལ་རྒྱས་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི172བརྩོན་ལེན་བྱས་ཏེ། ཕུལ་བྱུང་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་བཟོ་ཁང་རྟེན་གཞིས་མང་ཚོགས་ཀྱི་ཡོང་འབབ་དང་ཕྱུག་འགྱུར་ལ་ནུས་པ་གལ་ཆེན་ཐོན། ལས་ཞུགས་ལས་གནས421དང་འཚོ་བའི་དངོས་རྫས་རིན་ཐང་དམངས་སྒོར་ཁྲི61ཐག་གཅོད་བྱས་ལ། རིན་མེད་སྒོས་མི་སྣ200ལྷག་ལ་ལག་རྩལ་གསོ་སྦྱོང་སྤེལ་བ་དང་། ལས་ཞུགས་མི་གྲངས་ཁྲི3ལ་སྐུལ་ཁྲིད་བྱས་ནས་ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི2ནས3ལྷག་ཐོན་གྱིན་ཡོད་པས་གྲོང་གསེབ་དར་སྤེལ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཟེར།
མིག་སྔའི་བར། ཁུལ་ཡོངས་སུ་རིག་གནས་ཐོན་ལས་ཁེ་ལས་གཉེར་མཁན122ཡོད་ཅིང་། བོད་ཀྱི་གཙགས་དྲུབ་ཐོན་སྐྱེད་ཁེ་ལས་དང་མཐུན་ཚོགས19། བཟོ་རྩལ་ཐོན་རྫས་ལས་སྣོན་ཐོན་སྐྱེད་དབུལ་སྐྱོར་རྟེན་གཞི20། ཞིང་ཆེན་རིམ་པའི་འཚེམ་དྲུབ་གསོ་སྦྱོང་ཁེ་ལས9། མི་རིགས་བཟོ་རྩལ་མཛེས་རྩལ་ཐོན་སྐྱེད་བདག་གཉེར་ལས་ཁུངས156། འཚེམ་དྲུབ་ལག་རྩལ་པ3879། ཞིང་ཆེན་རིམ་པའི་ཤུལ་བཞག་རིག་གནས་དབུལ་སྐྱོར་ལས་ཞུགས་བཟོ་ཁང3བཅས་ཡོད་ལ། ལོ་རེའི་གཙགས་དྲུབ་ཐོན་རྫས་ཁྲི4ལྷག་ཡོད་ཅིང་། ལོ་རེའི་སྤྱིའི་རིན་ཐང་བསྡོམས་པས་སྒོར་ཁྲི5000ལྷག་ཙམ་ཟིན་ཡོད་པ་རེད།
ཕུར་བས་བཤད་རྒྱུར་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་། འཕེལ་རྒྱས་བཅས་ལ་འབད་ནས་མཚོ་ལྷོ་ཁུལ་གྱི་གྲོང་གསེབ་དར་སྤེལ་གཏོང་བར་རྣམ་པ་གསར་པ་མངོན་ཡོད། རྗེས་ཕྱོགས་ང་ཚོས་མུ་མཐུད་དུ་རིག་གནས་ཡུལ་སྐོར་དང་ཤུལ་བཞག་རིག་གནས་གསོན་ཉམས་ལྡན་པར་བྱས་ཏེ། ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་སླར་གསོ་དང་དར་རྒྱས་ཡོང་བར་བརྟེན་ནས་གྲོང་གསེབ་རིག་གནས་འཕེལ་རྒྱས་ལ་གསོན་ཤུགས་རྒྱས་སུ་འཇུག་ངེས་ཡིན་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注