འགྲམ་ནག
འགྲམ་ནག་ནི་ཨ་རིག་ཡུལ་ཚོ་མི་དམངས་སྲིད་གཞུང་གནས་ཡུལ་ནུབ་བྱང་གི་སྟོང་སྨི1.8ཀྱི་སར་གནས་ཡོད། འགྲམ་ནག་སྡེ་བའི་འབྲོག་དམངས་ཨུ་ཡོན་ལྷན་ཁང་གནས་འདིར་བཅའ་སྡོད་བྱས་ཡོད། ཡུལ་འདིའི་བྱང་ངོས་ནི་ནགས་ཚལ་སྟུག་པོ་ཡིན་པས་མིང་དེ་ལྟར་ཐོགས། རྒྱ་སྐད་ལ“ཚའོ་ཏཱ་པན”ཟེར། “ཏཱ་པན”ནི་སོག་སྐད་ཡིན་ལ། ལུང་མདོའི་དོན་ཡིན་པ་དང་། གནས་འདིར་ཕྱུགས་རྩྭ་འཛོམས་ཤིང་ལུང་མདོ་ཡོད་པས་མིང་འདི་ཐོགས། འདུས་སྡོད་ཁུལ་ནི་ཐང་མར་བརྡལ་བ་ལྟར་སོ་སོར་འཐོར་ཏེ་གནས་ཤིང་། མང་ཤས་སོ་ཕག་དང་ཤིང་གིས་གྲུབ་པའི་ཁེར་ཐོག་ཡིན། སྡོད་དམངས་ཁྱིམ་ཚང499ལ་མི་གྲངས1580ཡོད་པའི་ནང་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། སོག་རིགས་སོགས་མི་རིགས6ཡོད། དཔལ་འབྱོར་གྱི་ཡོང་ཁུངས་ནི་ཕྱུགས་ལས་གཙོ་བོ་ཡིན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注