དབྱི་ལིང་གིས་འཇིགས་སྐུལ་དང་འཇིགས་ཉེན་རྨང་གཞིར་བྱས་པའི་གྲོས་མོལ་གྲོས་གཞི་དང་ལེན་བྱེད་མི་སྲིད་པ་བསྐྱར་སྒྲོག་བྱས།

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་ཚེས10ཉིན་རྒྱལ་ས་ཏི་ཧེ་ལན་ནས་བསྟན་དོན། དབྱི་ལིང་གིས་འཇིགས་སྐུལ་དང་འཇིགས་ཉེན་རྨང་གཞིར་བྱས་པའི་གྲོས་མོལ་གྲོས་གཞི་དང་ལེན་བྱེད་མི་སྲིད་པ་དང་། དབྱི་ལིང་ལ་ཨ་མེ་རི་ཁའི་འཕྲིན་ཡིག་གང་རུང་འབྱོར་མེད་ཟེར།

པཱ་ཅཱ་ཨེ་ཡིས་བཤད་རྒྱུར། དབྱི་ལིང་གིས་ནམ་ཡིན་ཡང་གྲོས་མོལ་གྱི་སྒོ་ཆེན་བརྒྱབ་མྱོང་མེད་ཀྱང་། འཇིགས་སྐུལ་དང་འཇིགས་ཉེན་འོག་གྲོས་མོལ་བྱེད་པར་གཞི་རྩའི་ཐོག་དོན་སྙིང་ཅི་ཡང་མེད་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས7ཉིན་གྱི་བཅར་འདྲིའི་ལེ་ཚན་ཞིག་གི་ནང་བཤད་རྒྱུར། ཁོས་དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ལ་འཕྲིན་ཡིག་བསྐུར་ཏེ་དབྱི་ལིང་ཕྱོགས་ཀྱིས་ཉིང་རྡུལ་ནུས་པའི་མཚོན་ཆའི་འཆར་གཞི་བསྐྱུར་ནས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་དགོས་པའི་སྐུལ་མ་བཏང་ཡོད་ཟེར། མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་དབྱི་ལིང་གི་འཐུས་ཚབ་ཚོགས་པས་ཉིན་དེར་འཕྲིན་ཡིག་དེ་འདྲ་ཞིག་འབྱོར་མེད་ཟེར།

ཧཱ་མཱེ་ནེ་དབྱེ་ཡིས་ཚེས8ཉིན་བསྟན་དོན། རྒྱལ་ཁབ་རེ་འགས་གྲོས་མོལ་རྒྱུན་འཁྱོངས་བྱེད་པའི་དམིགས་ཡུལ་ནི་གནད་དོན་ཐག་གཅོད་བྱེད་རྒྱུ་མ་ཡིན་པར། གྲོས་མོལ་ལ་བརྟེན་ནས་རང་གི་རེ་འདུན་དེ་གཞན་པའི་མགོར་བཙན་འཇོག་བྱེད་ཆེད་ཡིན་པས། དབྱི་ལིང་གིས་དེ་གཏན་ནས་དང་ལེན་བྱེད་མི་སྲིད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号