དབྱི་ལིང་གིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བཀག་སྡོམ་གྱི་དཀའ་ཁག་སེལ་རྒྱུ་ནན་བཤད་བྱས།

དབྱི་ལིང་དབྱི་སི་ལན་གྲོས་ཁང་གི་གྲོས་དཔོན་ཁཱ་ལེ་པཱ་ཧྥུའུ་ཡིས་ཚེས9ཉིན་ཨ་མེ་རི་ཁའི་ཕྱོགས་ཀྱི་གྲོས་མོལ་ཚོགས་པས་བཏོན་པའི་གྲོས་གཞིར་ལན་འདེབས་སྐབས་བསྟན་དོན། དབྱི་ལིང་གིས་ཨ་མེ་རི་ཁ་ནས་བསྐུར་བའི་འཕྲིན་ཡིག་གང་རུང་ལ་རེ་སྒུག་བྱེད་མི་སྲིད་པའི་ཚུལ་བསྟན་པར་མ་ཟད། རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མིག་སྔའི་བཀག་སྡོམ་གྱི་དཀའ་ཁག་སེལ་རྒྱུ་ཡིན་པ་ནན་བཤད་བྱས།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས9ཉིན་བསྒྲགས་པ་ལྟར་ན། ཁཱ་ལེ་པཱ་ཧྥུའུ་ཡིས་ཉིན་དེར་དབྱི་སི་ལན་གྲོས་ཁང་གི་གྲོས་ཚོགས་སྟེང་ཨ་མེ་རི་ཁ་ཕྱོགས་ཀྱིས་ཉེ་སྔོན་བསྟན་པའི་གྲོས་མོལ་རྣམ་འགྱུར་ཐད་ནས་བསྟན་དོན། ཨ་མེ་རི་ཁས་རྒྱལ་ཁབ་གཞན་པར་བཟུང་བའི་རྣམ་འགྱུར་ལས་གྲོས་མོལ་དེ་ནི་དབྱི་ལིང་གི་དྲག་ཆས་མེད་པར་གཏོང་བའི་ཐབས་ཇུས་ཀྱི་བྱ་སྤྱོད་རྫུན་མ་ཙམ་ཡིན་ལ། དེས་བཀག་སྡོམ་མེད་པར་གཏོང་མི་ཐུབ་པར་མ་ཟད། འཛུགས་སྐྲུན་རང་བཞིན་གྱི་གྲུབ་འབྲས་ཅི་ཡང་ཐོན་མི་སྲིད་ཟེར།

ཁཱ་ལེ་པཱ་ཧྥུའུ་ཡིས་བཤད་རྒྱུར། མིག་སྔར་དབྱི་ལིང་གིས་རྒྱལ་ནང་གི་སྦས་ཤུགས་སྐུལ་སྤེལ་དང་ཕྱོགས་མང་གི་ཕྱི་འབྲེལ་འཕེལ་རྒྱས་སུ་བཏང་ན་ད་གཟོད་དགྲར་འཛིན་ཕྱོགས་ཡང་བསྐྱར་གྲོས་མོལ་ནང་ཞུགས་སུ་འཇུག་ཐུབ་པར་སྔོན་ཆད་ཀྱི་དུས་གང་རུང་ལས་ཀྱང་ངོས་ཟིན་གསལ་བོ་བྱུང་ཡོད། མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱོགས་ཡོངས་འགུལ་སྐྱོད་འཆར་གཞིའི་འབྲེལ་ཡོད་ཕྱོགས་ཁག་བར་གྱི་གྲོས་མོལ་སྒྲོམ་གཞིའི་ནང་བཀག་སྡོམ་མེད་པར་གཏོང་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས7ཉིན་བཅར་འདྲིའི་ལེ་ཚན་ཞིག་གི་ནང་བཤད་རྒྱུར། ཁོས་དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ལ་འཕྲིན་ཡིག་བསྐུར་ནས། དབྱི་ལིང་ཕྱོགས་ཀྱིས་ཉིང་རྡུལ་ནུས་པའི་མཚོན་ཆ་གསར་སྤེལ་བྱེད་པའི་འཆར་གཞི་བསྐྱུར་ནས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་པའི་སྐུལ་མ་བཏང་། མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་དབྱི་ལིང་གི་འཐུས་ཚབ་ཚོགས་པས་ཉིན་དེར་འཕྲིན་ཡིག་དེ་འདྲ་ཞིག་ད་རུང་འབྱོར་མེད་པའི་ཚུལ་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号