མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་དུ་དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཚེས8ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་མོར་སི་རི་ཡཱའི་ནུབ་ཕྱོགས་མཚོ་འགྲམ་དང་དབུས་ཕྱོགས་ས་ཁུལ་གྱི་དགྲར་འཛིན་འགུལ་སྐྱོད་མཚམས་བཞག་སྟེ། ཟོལ་མེད་ཀྱིས་མི་སེར་དཀྱུས་མར་སྲུང་སྐྱོབ་དང་དམངས་བཀོལ་རྨང་གཞིའི་སྒྲིག་ཆས་ལ་སྲུང་སྐྱོབ་བྱས་ཏེ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འགུལ་སྐྱོད་རྒྱུན་ལྡན་ངང་སྤེལ་བར་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་།
སི་རི་ཡཱ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ཀྱི་མཐུན་སྦྱོར་བ་མུའུ་ལཱ་དང་སི་རི་ཡཱའི་ཉམས་ཉེན་ས་ཁོངས་ཀྱི་མི་ཆོས་རིང་ལུགས་ཀྱི་མཐུན་སྦྱོར་བ་པཱ་ལཱ་ཁི་ལི་ཧྲི་ནན་གྱིས་ཉིན་དེར་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཟླ་འདིའི་ཚེས6ཉིན་གྱི་ཚུན་ལ། སི་རི་ཡཱའི་ཐཱ་ཨར་ཐུའུ་སི་དང་ལཱ་ཐཱ་ཅི་ཡཱ། ཧའོ་མུའུ་སི། ཧཱ་མཱ་ཞིང་ཆེན་སོགས་ས་ཁུལ་གྱི་འཁྲུག་རྩོད་རྒྱུན་ཆད་མེད་པར་ཛ་དྲག་ཏུ་གྱུར་ནས། མི་སེར་དཀྱུས་མར་ཤི་རྨས་ཐེབས་པ་དང་མང་ཚོགས་རྣམས་རང་ཁྱིམ་དུ་འབྲལ་དུ་བཅུག་ཡོད་ལ། དམངས་བཀོལ་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་ཏེ། འགྲིམ་འགྲུལ་ལའང་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་ཟེར། སི་རི་ཡཱ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ལ་མཚོན་ཆ་ཆེ་གྲས་བཀོལ་བའི་འབྲེལ་ཡོད་སྙན་ཞུ་འབྱོར་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། འབྲེལ་ཡོད་ས་ཁུལ་གྱི་གནས་བབ་ཧ་ཅང་གཏན་འཇགས་མིན་པ་དང་། བདེན་དཔང་ཐོབ་མེད་པའི་མི་སེར་དཀྱུས་མ་མང་བོར་ཤི་རྨས་ཐེབས་ཡོད། དེའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་ལས་བྱེད་མི་སྣ་གཅིག་ཀྱང་འདུས་ཡོད། འཁྲུག་རྩོད་ལས་ས་དེའི་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཡོད་ལ། སི་རི་ཡཱའི་མཚོ་འགྲམ་ས་ཁུལ་དུ་འགྲོ་འོང་བྱེད་པའི་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་གང་རུང་མཚམས་བཞག་ཡོད་ཟེར།
གསལ་སྒྲོག་ལས་འབྲེལ་ཡོད་ཕྱོགས་སོ་སོས་མྱུར་མོར་དགྲར་འཛིན་འགུལ་སྐྱོད་མཚམས་བཞག་སྟེ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་བཅའ་ཁྲིམས་གཞིར་བཟུང་ནས། མི་སེར་དཀྱུས་མ་དང་དམངས་བཀོལ་རྨང་གཞིའི་སྒྲིག་ཆས། རྒུད་སྐྱོབ་འགུལ་སྐྱོད་བཅས་ལ་སྲུང་སྐྱོབ་བྱས་ཏེ། མྱུར་ཞིང་བདེ་འཇགས་ཡིན་ལ། བཀག་རྒྱ་མི་ཐེབས་པའི་སྒོ་ནས་དགོས་མཁོ་ཡོད་པའི་མིར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་ཁག་ཐེག་བྱེད་དགོས་པའི་སྐུལ་མ་བཏང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注