སི་རི་ཡཱའི་བར་བརྒལ་ཙུང་ཐུང་གིས་རྒྱལ་ནང་གི་ཞི་བདེ་དང་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པའི་འབོད་སྐུལ་བཏང་།

སོ་ཏི་ཨ་རབ་ཀྱི་པུས་ཡཱ་བརྙན་འཕྲིན་ཁང་གིས་ཚེས9ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་བར་བརྒལ་དུས་སྐབས་ཀྱི་ཙུང་ཐུང་ཧྲ་ལཱ་ཡིས་ཉིན་དེར་སི་རི་ཡཱའི་རྒྱལ་ནང་གི་ཞི་བདེ་དང་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པའི་འབོད་སྐུལ་བཏང་བ་དང་། སི་རི་ཡཱའི་མིག་སྔའི་གནས་བབ་དེ་ཚོད་དཔག་ཐུབ་པའི་འགྲན་རྩོད་དུ་གཏོགས་ཟེར།

བསྒྲགས་པ་ལྟར་ན། ཧྲ་ལཱ་ཡིས་ཏཱ་མཱ་ཧྲི་ཀིའི་དབྱི་སི་ལན་ཆོས་ཁང་ཞིག་ནས་གཏམ་བཤད་ཐུང་ངུ་སྤེལ་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་མང་ཚོགས་ཀྱི་སེམས་བདེ་མོ་བྱས་ཆོག་པ་དང་། སི་རི་ཡཱ་ལ་འཚོ་སྡོད་ཀྱི་ཆ་རྐྱེན་ཡོད་པར་མ་ཟད། སི་རི་ཡཱའི་མི་རྣམས་ཀྱིས་རྒྱལ་ཁབ་དེར་མཉམ་དུ་འཚོ་བ་རོལ་ཐུབ་ངེས་ཡིན་ཟེར།

སི་རི་ཡཱའི་བར་བརྒལ་སྲིད་གཞུང་མིག་སྔར་ན་ནིང་ཟླ12པའི་སྲིད་འགྱུར་ཚུན་གྱི་ཆེས་ཚབས་ཆེ་བའི་བདེ་འཇགས་དོན་རྐྱེན་ལ་འཕྲད་ཡོད། སི་རི་ཡཱའི་ནང་སྲིད་པུའུ་ཡི་བདེ་འཇགས་མི་སྣར་ཚེས6ཉིན་ནུབ་ཕྱོགས་ཀྱི་ལཱ་ཐཱ་ཅི་ཡཱ་ཞིང་ཆེན་དུ་སྔོན་ཆད་ཀྱི་སྲིད་དབང་ལ་བློ་དཀར་བའི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། བདེ་འཇགས་མི་སྣ་མང་བོར་ཤི་རྨས་ཐེབས་པ་དང་། བར་བརྒལ་སྲིད་གཞུང་གིས་དེའི་རྗེས་སུ་དྲག་ཆས་དམག་དཔུང་མང་བོ་ལཱ་ཐཱ་ཅི་ཡཱ་ཞིང་ཆེན་དང་ཐཱ་ཨར་ཐུའུ་སི་ཞིང་ཆེན་དུ་མངགས་ནས། ནང་སྲིད་པུའུ་ཡི་བདེ་འཇགས་མི་སྣས་ཞིང་ཆེན་དེ་གཉིས་ཀྱི་མཁར་གྲོང་མང་བོར་གཞི་རྒྱ་ཆེ་བའི་བདེ་འཇགས་འགུལ་སྐྱོད་སྤེལ་བར་གཞོགས་འདེགས་བྱས། སི་རི་ཡཱའི་རྒྱལ་སྲུང་དང་ནང་སྲིད་པུའུ་ཡིས་འཁྲུག་རྩོད་དེ་ལས་བཟོས་པའི་བྱེ་བྲག་གི་ཤི་རྨས་ཁ་གྲངས་ཁྱབ་བསྒྲགས་བྱས་མེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号