དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་གློག་འདོན་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།

དབྱི་སི་རལ་གྱིས་ཚེས9ཉིན་ཅཱ་ཧྲ་ས་ཁུལ་གྱི་གློག་འདོན་མཚམས་བཞག་སྟེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིར་གནོན་ཤུགས་བྱས་ནས་ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་དུ་བཀག་འཇུག་བྱེད་པའི་མི་སྣ་ཕྱིར་གཏོང་དུ་འཇུག་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

དབྱི་སི་རལ་གྱི་ནུས་ཁུངས་དང་རྨང་གཞིའི་སྒྲིག་ཆས་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། པུའུ་དེའི་པུའུ་ཀྲང་ཨེ་ལེ་ཁི་ཧིན་གྱིས་ཅཱ་ཧྲ་ས་ཁུལ་དུ་གློག་ཤུགས་མཁོ་འདོན་བྱེད་མཚམས་འཇོག་པའི་བཀའ་རྒྱ་ཞིག་ལ་མིང་བཀོད། ཁི་ཧིན་གྱིས་བརྙན་རིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། དབྱི་སི་རལ་གྱིས་བཀོལ་ཆོག་པའི་བྱེད་ཐབས་གང་རུང་གིས་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་དུ་འཇུག་རྒྱུ་མ་ཟད། ཧཱ་མཱ་སི་ཅཱ་མུ་མཐུད་དུ་ཧྲ་ས་ཁུལ་ནས་མི་སྡོད་པར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་ནུས་ཁུངས་དང་རྨང་གཞིའི་སྒྲིག་ཆས་པུའུ་ཡིས་ཚེས9ཉིན་དབྱི་སི་རལ་གྱི་གློག་ཤུགས་ཀུང་ཟིར་བརྡ་བཏང་སྟེ། ཀུང་ཟི་དེས་ཅཱ་ཧྲ་ས་ཁུལ་དུ་གློག་ཤུགས་ཕྱིར་འཚོང་བྱེད་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号