ཁཱ་ནེ་ཡིས་ཨ་མེ་རི་ཁས་ཁཱ་ནཱ་ཏཱའི་ཐོན་ཁུངས་དང་ཆུ། ས་ཞིང་། རྒྱལ་ཁབ་བཅས་ལ་ཧམ་སེམས་སྐྱེས་བཞིན་ཡོད་པའི་ཚུལ་བསྟན།

མི་འགྱངས་པར་ཁཱ་ནཱ་ཏཱའི་ཙུང་ལིའི་འགན་ཁུར་རྒྱུ་ཡིན་པའི་ཁཱ་ནེ་ཡིས་ཚེས9ཉིན་བཤད་རྒྱུར། ཨ་མེ་རི་ཁས་ཁཱ་ནཱ་ཏཱའི་ཐོན་ཁུངས་དང་ཆུ། ས་ཞིང་། རྒྱལ་ཁབ་བཅས་ལ་ཧམ་སེམས་སྐྱེས་བཞིན་ཡོད་ཟེར།

ཉིན་དེའི་སྔ་དྲོར། ཁཱ་ནེ་གཞན་མགོ་གནོན་པའི་ཁྱད་སྟོབས་ཀྱིས་ཁཱ་ནཱ་ཏཱའི་སྲིད་འཛིན་ཏང་རང་དབང་ཏང་གི་མགོ་ཁྲིད་པ་གསར་བར་བདམས་ཐོན་བྱུང་བ་དང་། ཁཱ་ནེ་ཡིས་རྒྱལ་ཁ་ཐོབ་རྗེས་ཀྱི་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཨ་མེ་རི་ཁ་ས་ང་ཚོའི་ཐོན་ཁུངས་དང་། ང་ཚོའི་ཆུ། ང་ཚོའི་ས་ཞིང་། ཐ་ན་ང་ཚོའི་རྒྱལ་ཁབ་བཅས་ལ་ཧམ་སེམས་སྐྱེས་བཞིན་ཡོད། གལ་ཏེ་ཧམ་སེམས་དེ་འགྲུབ་ན་ང་ཚོའི་འཚོ་བར་གཏོར་བརླག་གཏོང་སྲིད་ཟེར།

ཁཱ་ནེ་ཡིས་བཤད་རྒྱུར། ཁོའི་སྲིད་གཞུང་གིས་ཨ་མེ་རི་ཁར་འཁོན་ལན་སློག་པའི་སྒོ་གཅལ་བྱེད་ཐབས་སྲུང་འཛིན་བྱེད་པ་དང་། ཁཱ་ནཱ་ཏཱ་ཡིས་མཐུན་སྒྲིལ་བྱས་ནས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡི་ཧམ་སེམས་དེ་འགྲུབ་ཏུ་འཇུག་མི་རུང་ཟེར།

ཁཱ་ནེ་ཡིས་བསྟན་དོན། ཁཱ་ནཱ་ཏཱའི་མི་རྣམས་ཀྱིས་འཇིགས་ཉེན་གསར་བར་ཁ་གཏད་འཇལ་བར་འདོད་ཚུལ་གསར་བ་དང་འཆར་གཞི་གསར་བ་ཡོད་དགོས་པ་ཤེས་ཡོད་ལ། ཁཱ་ནཱ་ཏཱའི་སྲིད་གཞུང་གིས་སྔར་ལས་སྟོབས་དང་ལྡན་པའི་དཔལ་འབྱོར་འཛུགས་སྐྲུན་བྱས་ནས། བློ་གཏད་རུང་བའི་མཉམ་ལས་གྲོགས་པོའི་བར་ཉོ་ཚོང་གི་འབྲེལ་བ་གསར་བ་བཙུགས་ཏེ་མཐའ་མཚམས་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

རང་དབང་ཏང་གི་མགོ་ཁྲིད་པ་གསར་བར་བདམས་ཐོན་བྱུང་བའི་ཁཱ་ནེ་ཡིས་ད་ལྟའི་ཙུང་ལི་ཐི་ལུའུ་ཏའོ་ཡི་ཚབ་ཏུ་ཁཱ་ནཱ་ཏཱའི་ཙུང་ལིའི་འགན་ཁུར་རྒྱུ་ཡིན་པ་དང་ནེ་ཀི་གསར་བ་རྩ་འཛུགས་བྱེད་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号