ཡོ་རོབ་གླིང་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ནས་ཡང་བསྐྱར་ཡོ་རོབ་གླིང་ལ་དྲག་ཆས་སྤྲ་བའི་འཆར་གཞིར་ཡིད་འཐད་བྱུང་།
ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས6ཉིན་པུའུ་ལུའུ་སེར་ནས་དམིགས་བསལ་མཐོ་རིམ་གྲོས་ཚོགས་བསྡུས་ཏེ། གྲོས་ཚོགས་ཀྱི་མཇུག་འབྲས་སྤྱི་བསྒྲགས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་བཏོན་པའི་ཡོ་རོབ་གླིང་ལ་ཡང་བསྐྱར་དྲག་ཆས་སྤྲ་བའི་འཆར་གཞིར་ཡིད་འཐད་བྱུང་ཡོད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་ཡོ་རོབ་གླིང་མནའ་འབྲེལ་གྱི་འཚོ་སྡོད་ཐད་འགྲན་རྩོད་ཐེབས་པ་དང་། ཡོ་རོབ་གླིང་གིས་ངེས་པར་དུ་འགན་ཁུར་བའི་སྒོ་ནས་རང་སྟེང་གི་འགོ་སྲུང་གནད་དོན་ཐག་གཅོད་བྱེད་དགོས། ཡོ་རོབ་གླིང་མནའ་འབྲེལ་གྱིས་རང་གི་རྒྱལ་སྲུང་ནུས་པར་ཤུགས་སྣོན་བྱེད་པ་དང་། འཐབ་ཇུས་གཞན་བརྟེན་གྱི་སྣང་ཚུལ་ཇེ་ཉུང་དུ་གཏོང་བ། གནད་འགག་གི་ནུས་པའི་བར་ཁྱད་ཐག་གཅོད་བྱས་ཏེ། དགོས་ངེས་ཀྱིས་མནའ་འབྲེལ་ཧྲིལ་བོའི་རྒྱལ་སྲུང་ལག་རྩལ་དང་བཟོ་ལས་རྨང་གཞིར་ཤུགས་སྣོན་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་དགོས་གལ་ཆེ་བའི་སྒྲིག་ཆས་མཁོ་འདོན་བྱེད་དུ་འཇུག་དགོས་ཟེར།
ཧྥུན་ཏི་ལའེ་ཨིན་གྱིས་ཚེས་བཞི་ཉིན་ཡོ་རོབ་གླིང་ལ་ཡང་བསྐྱར་དྲག་ཆས་སྤྲ་བའི་འཆར་གཞི་བཏོན་པ་དང་། ཡོ་སྒོར་ཁྲག་ཁྲིག་བརྒྱད་བཏང་ནས་བདེ་འཇགས་དང་བབ་བསྟུན་གྱི་ཡོ་རོབ་གླིང་ཞིག་གསར་བསྐྲུན་བྱེད་རྒྱུ་ཡིན་ལ། དེའི་ནང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་ལ་ཡོ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་ལྔའི་དངུལ་བུན་འདོན་སྤྲོད་བྱས་ཏེ་རྒྱལ་སྲུང་དངུལ་གཏོང་ཐད་བཀོལ་རྒྱུ་ཡིན་པར་མ་ཟད་ཁོངས་གཏོགས་རྒྱལ་ཁབ་དག་ལ་རོགས་འདེགས་བྱས་ནས་དགོས་མཁོ་ལེགས་བསྡུས་དང་མཉམ་དུ་དམག་དོན་སྒྲིག་ཆས་ཉོ་བསྡུ་བྱས་ནས་ཡོ་རོབ་གླིང་གི་བདེ་འཇགས་ལ་ཤུགས་སྣོན་རྒྱུ་རེད།
ཁོས་ད་རུང་བསྟན་དོན། འཆར་གཞི་དེས་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་གྱི་རྒྱལ་སྲུང་བཟོ་ལས་ཐད་དངུལ་གཏོང་བྱེད་པའམ་ཐད་ཀར་དམག་དོན་སྒྲིག་ཆས་ཉོ་བསྡུ་བྱས་ནས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注