ཐི་ལིང་ཕུའུ་ཡིས་སྲིད་འཛིན་བཀའ་རྒྱ་བཀོད་དེ་ཁཱ་ནཱ་ཏཱ་དང་མའོ་ཞི་ཁོའི་སྒོ་གཅལ་ཁ་སྣོན་བྱེད་པའི་བྱེད་ཐབས་ལེགས་སྒྲིག་བྱས།
ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས6ཉིན་སྲིད་འཛིན་བཀའ་རྒྱ་བཀོད་དེ། ཁཱ་ནཱ་ཏཱ་དང་མའོ་ཞི་ཁོའི་སྒོ་གཅལ་ཁ་སྣོན་བྱེད་པའི་བྱེད་ཐབས་ལེགས་སྒྲིག་བྱས་པ་དང་། ཨ་མེ་རི་ཁ་དང་མའོ་ཞི་ཁོ། ཁཱ་ནཱ་ཏཱ་བཅས་ཀྱི་གྲོས་ཆོད་ཀྱི་གཟིགས་སྐྱོང་ཆ་རྐྱེན་དང་འཚམ་པའི་ནང་འདྲེན་ཚོང་རྫས་ལ་སྒོ་ཁྲལ་མེད་པར་བཏང་ཡོད།
ཕོ་བྲང་དཀར་པོས་ཉིན་དེར་སྤེལ་བའི་ཡིག་ཆ་ལྟར་ན། ཨ་མེ་རི་ཁ་དང་མའོ་ཞི་ཁོ། ཁཱ་ནཱ་ཏཱ་བཅས་ཀྱི་གྲོས་ཆོད་ཀྱི་གཟིགས་སྐྱོང་ཆ་རྐྱེན་དང་འཚམ་པའི་ཚོང་རྫས་ལ་སྒོ་གཅལ་མེད་པར་གཏོང་བ་དང་། ཁཱ་ནཱ་ཏཱ་ནས་ནང་འདྲེན་བྱས་ཤིང་། ཨ་མེ་རི་ཁ་དང་མའོ་ཞི་ཁོ། ཁཱ་ནཱ་ཏཱ་བཅས་ཀྱི་གྲོས་ཆོད་ཀྱི་གཟིགས་སྐྱོང་ཆ་རྐྱེན་དང་མི་འཚམས་པའི་ཅཱ་ལུད་ཐོན་རྫས་ལ་བརྒྱ་ཆའི་བཅུའི་སྒོ་གཅལ་ལེན་པ་དང་། ཨ་མེ་རི་ཁ་དང་མའོ་ཞི་ཁོ། ཁཱ་ནཱ་ཏཱ་བཅས་ཀྱི་གྲོས་ཆོད་ཀྱི་ཐོན་སའི་སྒྲིག་སྲོལ་དང་མི་འཚམ་པའི་ཚོང་རྫས་ལ་མུ་མཐུད་དུ་བརྒྱ་ཆའི་ཉེར་ལྔའི་སྒོ་གཅལ་བསྡུ་རྒྱུ་རེད།
ཚེས་དྲུག་ཉིན་གྱི་སྔ་དྲོར། ཐི་ལིང་ཕུའུ་ཡིས་དྲ་ཐོག་ནས་ཁྱབ་བསྒྲགས་བྱས་དོན། མའོ་ཞི་ཁོ་ལ་བརྒྱ་ཆའི་ཉེར་ལྔའི་སྒོ་གཅལ་ཁ་སྣོན་བྱེད་པའི་བྱེད་ཐབས་དེ་ཨ་མེ་རི་ཁ་དང་མའོ་ཞི་ཁོ། ཁཱ་ནཱ་ཏཱ་བཅས་ཀྱི་གྲོས་ཆོད་སྒྲོམ་གཞིའི་ནང་ཟླ་བཞི་བའི་ཚེས་གཉིས་ཉིན་བར་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注