ཕུའུ་ཅིན་གྱིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་ཨུ་རུ་སི་ཡིས་མི་གང་རུང་ལ་མགོ་སྒུར་མི་སྲིད་པའི་ཚུལ་བསྟན།
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས6ཉིན་བསྟན་དོན། ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས། ཨུ་རུ་སི་ཡིས་མི་གང་རུང་ལ་མགོ་སྒུར་མི་སྲིད་ཟེར།
ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས6ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་དམིགས་བསལ་དམག་དོན་འགུལ་སྐྱོད་ལ་ཞུགས་མཁན་གྱི་ཁྱིམ་མིའི་འཐུས་མིར་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་ཨུ་རུ་སི་ཡིས་ངེས་པར་དུ་རང་སྟེང་གིས་དང་ལེན་ཐུབ་པ་དང་ཨུ་རུ་སིའི་མ་འོངས་པའི་བདེ་འཇགས་ལ་འགན་སྲུང་ཐུབ་པའི་ཞི་བདེའི་ཇུས་གཞི་གདམ་གསེས་བྱེད་དགོས་ཟེར།
ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ཨུ་རུ་སི་ལ་གཞན་པའི་དངོས་པོ་མི་མཁོ་ཡང་། རང་ཉིད་ཀྱི་དངོས་པོ་བསྐྱུར་མི་སྲིད། ཨུ་རུ་སི་ལ་རྒྱལ་ཁབ་ཀྱི་ཞི་བདེ་ལ་འགན་སྲུང་དང་བདེ་འཇགས་ཆ་རྐྱེན་འོག་གི་གཏན་འཇགས་འཕེལ་རྒྱས་ཀྱི་ཇུས་གཞི་ཞིག་མཁོ་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注